ནང་སོག་གི་སྐབས་དང་པོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ེངེད་དྲ་བ། སྤེལ་དུས། 02-09


        སྤྱི་ཟླ་2པའི་ཚེས་8ཉིན། ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུངགིས་གཙོ་སྒྲུབ་མཛད་ཅིང་ནང་སོག་ཡུལ་སྐོར་ཅུས་དང་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་སྒྲུབ་མཛད་པའི་སྐབས་དང་པོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་དུ་འཚོགས། 

        རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་གྲོས་ཚོགས་ཉིན་གཉིས་ལ་འཚོགས་རྒྱུ་ཡིན་པ་དང་གྲོས་ཚོགས་ཀྱི་སྐབས་སུ་ཚོགས་མི་དག་གིས་དགུན་ཁའི་ཡུལ་སྐོར་ལྗོངས་ཁུལ་དང་དགུན་ཁའི་མགྲོན་པོ་སྣེ་ལེན་ཁྱིམ་ཚང་། ཡུལ་སྐོར་ས་ཚིགས་འཛུགས་བསྐྲུན། རྒྱལ་ཁབ་Aརིམ་པའི་ལྗོངས་ཁུལ་གྱི་ཨུ་རུ་སུའི་མཐའ་མཚམས་ཀྱི་ཡུལ་སྐོར་ལྗོངས་ཁུལ། ཡུལ་སྐོར་རིག་གནས་དང་འབྲེལ་བའི་ཐོན་རྫས་སོགས་ལ་གཟིགས་ཞིབ་བྱས་པ་མ་ཟད་གྲོང་ཁྱེར་སོ་སོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་དང་བགྲོ་གླེང་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1