ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-09


        སྤྱི་ཟླ་2པའི་ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ནས། ཁེ་ལས་ལ་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས། རྒྱུན་མཐུད་སྒོས་དངོས་གཟུགས་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་གཏང་རྒྱུ་ཐག་བཅད་ཅིང་། བཟོ་སྐྲུན་ལས་རིགས་ཀྱི་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཐོན་ལས་རིམ་འཕར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བཀོད་སྒྲིག་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆབ་སྲིད་དང་བྱེད་ཐབས་གཏན་འཁེལ་བྱས་ནས་འབྲུ་རིགས་བདེ་འཇགས་དང་དེང་རབས་ཞིང་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། ཞིང་སྨན་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། 
        གྲོས་འཚོགས་ལས་ཁེ་ལས་ལས་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་ནི་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་འཆར་གཞི་ལག་བསྟར་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་སྲིད་བསྡུ་དབང་གཏོང་ལག་བསྟར་བྱེད་པའི་ནང་དོན་གཙོ་ཡིན།2015ལོའི་ཚུན་ལ་ཀྲུང་དབྱང་གིས་བདག་གཉེར་ཞབས་ཞུ་རང་བཞིན་གྱི་གྲོན་དངུལ་བསྡུ་བ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནའང་མིག་སྔར་གྲོན་དངུལ་བསྡུ་བའི་རྣམ་གྲངས་མང་བ་དང་གྲོན་དངུལ་གང་འདོད་དུ་བསྡུ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས་ཁེ་ལས་ཀྱི་ཁུར་བོ་ཇེ་ལྗིད་སོང་ཡོད། གོ་རིམ་རྗེས་མར་སྦས་ཤུགས་སྔོག་འདོན་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགོ་ཁྲིད་དེ་ཁེ་ལས་ལ་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ལམ་ལུགས་རང་བཞིན་དང་ཡུན་རིང་ལ་དོ་དམ་བྱེད་པ། ཕན་འབྲས་དངོས་ཐོབ་པའི་གཙང་བཤེར་བྱེད་ཐབས་སྐོར་ཞིག་གཏན་འཁེལ་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1