གཡག་རྔ་ནས་དར་མདོ་བར་གྱི་མྱུར་བསྐྱོད་གཞུང་ལམ་ད་ལོ་ལྕགས་ཟམ་རྫོང་བར་ཤར་གཏོང་བྱ་ཐུབ་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 02-13


        ཉེ་ལམ།  གཡག་རྔ་ས་ཁུལ་དུ་ཉིན་གང་བོ་ཆར་པ་བབས་ཀྱང་ལོ་ན་28ལ་སོན་པའི་ལུའོ་ཁྲུན་ལན་ད་དུང་གཞུང་ལམ་འཛུགས་སྐྲུན་ལ་བྲེལ་འདུག  གནས་འདི་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བསྐྱོད་གཞུང་ལམ་གྱི་ཆེས་རིང་པའི་ཕུག་ལམ་བརྐོ་སའི་གནས་རེད།  ཕུག་ལམ་ནང་གི་དྲོད་ཚད་ཤིན་ཏུ་མཐོ་ནའང་ལུའོ་ཁྲུན་ལན་དང་ཁོ་དང་འདྲ་བའི་ལས་རོགས་པ་རྣམས་ཀྱིས་དེ་ནང་ཆུ་ཚོད་5ལྷག་གིས་ལས་དོན་སྒྲུབ་བཞིན་འདུག

        རྒྱུས་ལོན་བྱུང་བ་ལྟར་ན།  ལས་དོན་ཚན་ཆུང་ཁག་བརྗེ་རེས་བྱས་ནས་ཉིན་ཞག་གང་བོའི་ཆུ་ཚོད་24ལ་ངལ་གསོ་མ་བྱས་པར་ལས་ཀ་ལས་པ་དང་དཔྱིད་གསར་དུས་ཆེན་ལ་ཉིན་གསུམ་གྱི་གུང་གསེས་ལས་མེད་པ་རེད།  གོང་རིམ་གྱིས་བླང་བྱ་དང་ལས་བསྐྲུན་གྱི་མྱུར་ཚད་ལ་བལྟས་ན།  གཞུང་ལམ་འདི་ད་ལོ་ལྕགས་ཟམ་རྫོང་བར་ཤར་གཏོང་བྱ་ཐུབ་རྒྱུ་ཡིན་པ་དང་ལམ་ཐིག་ཧྲིལ་པོ་སང་ལོ་ཤར་གཏོང་བྱ་ཐུབ་རྒྱུ་རེད།  དེ་དུས་ཁྲེན་ཏུའུ་ནས་དར་མདོ་བར་ཆུ་ཚོད་གསུམ་ལས་མི་དགོས་ལ། མིག་སྔར་དང་བསྡུར་ན་ཆུ་ཚོད་3ལྷག་གིས་ཇེ་ཐུང་དུ་གྱུར་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1