གཙོ་ངོས།>> སི་ཁྲོན་གསར་འགྱུར།>>དཀར་མཛེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༡༣ཉིན།

རོང་བྲག་རྫོང་གིས་ཞོར་ལས་པའི་གླ་ཕོགས་གཙང་བཤེར་བྱས།

        ཉེ་ལམ། གནམ་ལོ་གསར་པ་ཚེས་པའི་སྐབས་སུ་ཞོར་ལས་པའི་གླ་ཕོགས་ཕྱིར་འགྱངས་བྱས་ཏེ་མང་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་ཆེད། རོང་བྲག་རྫོང་གིས་ཞོར་ལས་པའི་གླ་ཕོགས་གཙང་བཤེར་བྱེད་པའི་ལས་ཀ་སྤེལ། རྫོང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཞུ་འཕྲིན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། འཕེལ་བསྒྱུར་ཨུ་ལྷན། ནོར་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་བསྡུས་ནས་ལས་ཀའི་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་ཆེད་དུ་ངལ་རྩོལ་འགན་སྲུང་ལྟ་སྐུལ་དང་ཞོར་ལས་པའི་གླ་ཕོགས་ཕྱིར་འགྱངས་ཀྱི་གཙང་བཤེར་ལས་ཀ་བཀོད་སྒྲིག་བྱས་པར་མ་ཟད། ལས་བགོས་ཞིབ་བཀོད་དང་འགན་ཁུར་ལག་བསྟར་བྱས།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1