ལྷ་སྒང་ཤང་གི་སྨན་བཅོས་མི་སྣ་གྲོང་སྡེ་ལ་ཕྱིན་ནས་ཞབས་ཕྱི་བསྒྲུབས།

རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 06-30


         ཉེ་ཆར་དར་མདོ་རྫོང་ལྷ་སྒང་ཤང་དང་ཤང་དེའི་འཕྲོད་བསྟེན་ཁང་གཉིས་ཀྱིས་གཅེས་ སེམས་འབུལ་མཁན་གྱི་སྨན་བཅོས་ཞབས་ཕྱི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཤང་ཡོངས་ཀྱི་གྲོང་སྡེ་ལ་ཕྱིན་ནས་སྨན་བཅོས་ཞབས་ཕྱིའི་བྱེད་སྒོ་སྤེལ་མཐར།རྒྱ་ཆེའི་མང་ཚོགས་ལ་རིན་པ་མི་དགོས་པར་སྨན་བཅོས་ཞབས་ཕྱི་བསྒྲུབས་པ་རེད།བྱེད་སྒོ་སྤེལ་རིང་གཅེས་སེམས་འབུལ་མཁན་སྨན་བཅོས་རུ་ཁག་གི་སྨན་བཅོས་མི་སྣས་རྒྱ་ཆེའི་མང་ཚོགས་ལ་ནད་བརྟག་དང་རིན་པ་མི་དགོས་པར་རིགས་སྣ་ཚོགས་ཀྱི་ནད་འགོག་སྨན་ཁབ་བརྒྱབ་པ་དང་།ཁྲག་ཤེད་བརྟག་པ།Bསྒྲ་འདས་ནད་བརྟག་འཕྲུལ་ཆས་ཀྱིས་ནད་བརྟག་པ།སྨན་བྱིན་པ་སོགས་ཀྱི་ཞབས་ཕྱི་བསྒྲུབས་པ་རེད།ཞིང་འབྲོག་མང་ཚོགས་ལ་ཞིང་སྡེའི་རྣམ་པ་གསར་པ་སོགས་ཀྱི་འཕྲོད་བསྟེན་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་རྒྱུན་མཐོང་གི་ནད་རིགས་དང་འབྱུང་སླ་བའི་ནད་རིགས་སོགས་འབྲེལ་ཡོད་ནད་ཡམས་སྔོན་འགོག་བྱེད་སྟངས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པར་བརྟེན།ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་བདེ་སྲུང་བྱེད་སྟངས་དང་རྒྱུན་མཐོང་གི་ནད་རིགས་སྔོན་འགོག་བྱེད་སྟངས་ཀྱི་ཤེས་བྱ་ཁོང་དུ་ཆུད་བཅུག་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།བྱེད་སྒོ་སྤེལ་རིང་ཤང་ཡོངས་ཀྱི་དུད་ཚང་787ལ་ཁྱི་ཡི་ཐུམ་འབུའི་ནད་སྔོན་འགོག་བྱེད་སའི་སྨན་བཀྲམ་ཡོད་པ་དེས་བརྒྱ་ཆ་70ལ་ཁྱབ་ཡོད།མི་369ལ་སིབ་བིའི་ནད་ཡམས་སྔོན་འགོག་བྱེད་སའི་སྨན་ཁབ་བརྒྱབ་ཡོད་པས་ནད་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆ་85.4ལ་ཟིན་པ་རེད།མི་381ལ་སྒལ་ཀླད་སྐྱ་འགྱུར་ནད་སྔོན་འགོག་བྱེད་སའི་སྨན་ཁབ་བརྒྱབ་ཡོད་པས་ནད་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆ་84.5ལ་ཟིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1