ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། སྤེལ་དུས། 02-14


        ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
        ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བཟང་པོ་བྱེད་པ་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་དང་ཏང་གི་རླབས་ཆེན་བཟོ་སྐྲུན་གསར་བ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་བདེ་བླག་ངང་ལག་བསྟར་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཏང་ཀྲུང་དབྱང་གིས་ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་ཚོགས་རྒྱུར་ཐག་བཅད་པའི་དམིགས་ཡུལ་ནི་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཚད་གཞི་དང་སྲོལ་ཡིག་གི་གཏན་འཁེལ་སྣ་ཚོགས་གསལ་བོར་ཤེས་པར་བྱས་ཏེ། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་བསམ་བློ་གཅིག་གྱུར་བྱེད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་ཀྱིས་དངོས་འབེབས་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་དགོས་པར་མ་ཟད། འབུར་ཐོན་གནད་དོན་ཐག་གཅོད་པ་དེ་བརྒལ་གཏོར་བྱེད་ས་དང་གནད་ཆེ་སར་བཞག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཏེ་ཅང་དང་ཡུས་ཀྲེན་ཧྲེན། ལིའུ་ཡུན་ཧྲེན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་མཛད་སྒོར་ཞུགས། 
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་ཏུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་སྐབས། གཙོ་བོ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་ལ་ཤུགས་སྣོན་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་ཇེ་དྲག་ཏུ་གཏོང་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བས་རྦད་ཆོད་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཏང་ཡོན་ལ་སྣེ་ཁྲིད་བྱེད་པ། ལས་བྱེད་པས་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་སྲུང་སྐྱོབ་དང་ཏང་གི་མཐུན་སྒྲིལ་དང་ཐུན་མོང་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དེ་ཡིན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དུས་རབས་རང་བཞིན་ཇེ་དྲག་ཏུ་གཏོང་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བས་དུས་རབས་ཀྱི་རྗེས་སྙེག་པ་དང་ཏང་ནང་ཁུལ་དུ་བྱུང་བའི་གནད་དོན་གསར་བ་དུས་ཐོག་ཏུ་ཐག་བཅད་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དུས་དང་རྣམ་པ་ཀུན་ཏུ་གསོན་ཤུགས་རྒྱས་སུ་འཇུག་རྒྱུ་དེ་ཡིན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་རང་བཞིན་ཇེ་དྲག་ཏུ་གཏོང་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བས་ཏང་གི་བསམ་བློའི་རྩ་དོན་དང་ཆབ་སྲིད་རྩ་དོན། རྩ་འཛུགས་རྩ་དོན། བྱ་བའི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། རྩ་དོན་ལྟར་ཏང་ནང་ཁུལ་གྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་པ་དང་ཏང་ནང་ཁུལ་གྱི་འགལ་བ་དང་གནད་དོན་ཐག་གཅོད་རྒྱུ་དེ་ཡིན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་འཐབ་འཛིང་རང་བཞིན་ཇེ་དྲག་ཏུ་གཏོང་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བས་ལངས་ཕྱོགས་བརྟན་ཞིང་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། ནོར་འཁྲུལ་ཡོ་བསྲང་དང་སྤོབས་པ་ཆེན་པོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས། ཏང་ཡོན་ལས་བྱེད་པ་རྣམས་དགེ་སྤེལ་སྐྱོན་སྤོང་གི་འཐབ་འཛིང་པ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན་ཞེས་བསྟན། 
        ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་འགན་འཁྲི་དང་མགོ་ཁྲིད་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ཚད་གཞི་དང་སྲོལ་ཡིག་ལག་བསྟར་བྱེད་པ་དེ་ཏང་རྩ་འཛུགས་རེ་རེ་དང་ཏང་ཡོན་ལས་བྱེད་པ་རེ་རེ་ཡི་རང་རྟོགས་འགུལ་སྐྱོད་ཅིག་ཏུ་འགྱུར་བར་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་པ་གཙོ་བོས་དངོས་སུ་འཛིན་པ་དང་དོ་དམ་བཟང་བོ་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་དང་དཔྱད་ཞིབ་ལ་ཤུགས་བསྣན་ཏེ། རྩད་ཆོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དགོས་པ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱེད་པའི་ནུས་ལྡན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་བཏོན་པའི་རེ་བ་དེ་ཐོག་མར་རང་ཉིད་ཀྱིས་སྒྲུབ་དགོས་པ་དང་འདིར་བཞུགས་ཀྱི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བཟང་བོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་དུ་བྱས་རྗེས་གསར་བ་འཇོག་དགོས་པ་དང་སྣང་བརྙན་གསར་བ་འཛུགས་དགོས་ཞེས་བསྟན།  
        ལི་ཁེ་ཆང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་རྟོག་བྱ་བའི་གནད་དོན་གཙོ་བོར་ཤུགས་སྣོན་རྒྱུ་རྒྱས་བཤད་བྱས་ཡོད་པ་དང་། དེ་ཏང་གི་རླབས་ཆེན་བཟོ་སྐྲུན་གསར་བ་འཛུགས་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་སྲུང་སྐྱོབ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྤུས་ཚད་ཇེ་ཆེར་གཏོང་བ་དང་། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་མཉམ་སྐྲུན་བྱེད་དགོས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས། ལས་དོན་སྣ་ཚོགས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱ་དགོས་ཞེས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1