སེར་ཤུལ་རྫོང་གིས་སྨན་བཅོས་ཞབས་ཕྱིའི་སྤྱོད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 06-30


        ཉེ་ཆར།སེར་ཤུལ་རྫོང་གིས་སྨན་བཅོས་འགན་སྲུང་ཅུས་དང་རྩིས་བཤེར་ཅུས་སོགས་ནས་སྐོང་འཐེན་བྱས་པའི་འབྲེལ་ཡོད་མི་སྣ་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་བཙུགས་ཏེ།རྫོང་ཡོངས་ཀྱི་ཤང་(གྲོང་རྡལ)23གྱི་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་ཕྱིན་ནས་སྨན་བཅོས་ཞབས་ཕྱིའི་སྤྱོད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།ལས་སྒྲུབ་ཚོ་ཆུང་གིས་ཞིབ་བཤེར་དང་ཉན་འཇོག གནས་ཚུལ་འདྲི་བ་བཅས་ཀྱི་བྱེད་ཐབས་སྤྱད་ནས་རྫོང་ ཡོངས་ཀྱི་ཤང་(གྲོང་རྡལ)23གྱི་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་འགན་སྲུང་གི་ཞབས་ཕྱི་འགྲོ་ལུགས་སྒྲུབ་ཚུལ་གྱི་གོ་རིམ་དང་།འགྲོ་ལུགས་སྒྲུབ་སྟངས་ཀྱི་ལམ་ལུགས་འཐུས་ཚང་ཡིན་མིན།སྨན་རྫས་ཉར་ཚགས་བྱེད་སྟངས་དང་སྨན་བཅོས་རྣམ་གྲངས་ཀྱི་རིན་པ་བསྡུ་ཚུལ་བཅས་ཀྱི་ཐད་ཞིབ་བཤེར་བྱས་པ་རེད།སྡེ་ཁུལ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་འགན་འཁུར་མི་སྣས་མངའ་ཁོངས་སུ་གནས་པའི་ཤང་(གྲོང་རྡལ)གི་ཡུལ་མིའི་སྨན་བཅོས་འགན་སྲུང་ལས་ཀ་སྤེལ་ཚུལ་སྙན་ཞུ་བྱས་པར་ཉན་འཇོག་བྱེད་པ་དང་ཆབས་ཅིགསྨན་ཁང་ནང་གི་ནད་པའི་ཁྲོད་དུ་ཕྱིན་ནས་སྨན་བཅོས་ཞབས་ཕྱིའི་སྤྱོད་ཚུལ་དང་སྨན་བཅོས་རིན་པ་བསྡུ་ཚུལ་སོགས་ཀྱི་ཐད་གནས་ཚུལ་རྒྱུས་ལོན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1