བྲག་འགོ་རྫོང་གི་མེ་སྐྱོན་གཞི་ནས་སེལ་ཐུབ་པ་བྱུང་།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-15


        སྤྱི་ཟླ་2པའི་ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཡས་མས་སུ་། དཀར་མཛེས་ཁུལ་གྱི་དྲག་ཆས་ཉེན་རྟོག་པའི་ནགས་ཚལ་ཡན་ལག་རུ་ཁག་གི་དཔོན་དམག་83དང་བཅའ་སྡོད་མི་སེར་1600སོགས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད་ནས། ཟླ་8པའི་ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་50སྟེང་བྲག་འགོ་རྫོང་ཡར་སྡེ་ཡུལ་ཤོག་མཁར་འགོ་གྲོང་དུ་བྱུང་བའི་མེ་སྐྱོན་སེལ། མེ་སྐྱོན་ཡུལ་དངོས་ལ་གསུམ་མེད་མངོན་འགྱུར་བྱུང་། 
        ཟླ་2པའི་ཚེས་10ཉིན། བྲག་འགོ་རྫོང་ཡར་སྡེ་ཤང་ཁང་གོས་སྡེ་བར་གློ་བུར་དུ་རྩྭ་ས་མེ་ཤོར་བའི་དོན་རྐྱེན་བྱུང་། དཀར་མཛེས་ཁུལ་གྱི་དྲག་ཆས་ཉེན་རྟོག་པའི་ནགས་ཚལ་ཡན་ལག་རུ་ཁག་གི་དཔོན་དམག་གིས་མེ་སྐྱོན་བཀའ་ཁྱབ་ཐོས་མ་ཐག་མཁོ་བསྟུན་སྒོས་མེ་གསོད་ལས་ཀ་དང་ལེན་བྱས།  དཔོན་དམག་རྩ་འཛུགས་བྱས་ཏེ་འཕྲལ་མྱུར་ངང་མེ་སྐྱོན་ཡུལ་དངོས་སུ་ཐོན་ཏེ་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་སྤེལ། མེ་སྐྱོན་ཡུལ་དངོས་ཀྱི་རྩྭ་ཐང་དང་ལྗོན་ཤིང་ལ་དམིགས་ནས་དཀར་མཛེས་ཁུལ་དྲག་ཆས་ཉེན་རྟོག་པའི་ནགས་ཚལ་ཡན་ལག་རུ་ཁག་རྟའུ་རུ་ཆེན་གྱི་དཔོན་དམག་གིས་རྒྱུན་སྤྱོད་མེ་གསོད་ཐབས་ལམ་ལྟར་སྐབས་བསྟུན་སྒོས་མེའི་གནོད་འཚེ་སེལ།།
                  
              


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1