དར་མདོ་གྲོང་ཁྱེར་གྱིས་སྐབས་དང་པོའི་སྐྱ་གད་ཡུལ་ཚོའི་འོ་སེ་མེ་ཏོག་གི་དུས་ཆེན་དང་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ།

ཕུན་ཚོགས་བཀྲ་ཤིས་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།འབྲུག་མཚོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-15


 དགའ་སྤྲོ་ལྡན་པའི་བྲོ་འཁྲབ་པ།

༢༠༡༦ལོའི་ཟླ༥པའི་ཚེས༢༨ཉིན། དར་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་སྐྱ་གད་ཡུལ་ཚོའི་འོ་སེ་མེ་ཏོག་གི་དུས་ཆེན་དང་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་བྱེད་སྒོ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཚོའི་རི་ངོས་གྲོང་སྡེར་སྤེལ་བ་རེད། སྐྱ་གད་ཡུལ་ཚོའི་རྒན་དར་གཞོན་གསུམ་གྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ངོ་ལ་འཛུམ་དང་བཅས་ཏེ་ཉམས་འགྱུར་སྟོང་དང་ལྡན་པའི་བྲོ་གར་སྣ་ཚོགས་འཁྲབ་ཅིང་། དགའ་བ་འབུམ་གྱིས་ཕྱུག་པའི་གླུ་བཅས་རིག་རྩལ་བྱེད་སྒོའི་ལེ་ཚན་རེ་རེར་མིག་དབང་གིས་ལོངས་སུ་སྤྱོད་པའི་ཡོ་ལང་རྒྱས།

ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སུ་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་ཉེ་སྔོན་སྤེལ་བའི་གྲེ་འགྱུར་ངག་གི་དབྱངས་རྟ་ཞེས༢༠༡༦ལོའི་བོད་ཀྱི་འཕྲིན་ཕྲན་དམངས་གླུ་འགྲན་སྡུར་ཐོག་བྱ་དགའ་ཐོབ་མཁན་རྣམས་ལས་གླུ་བ་དང་གླུ་མ་གསུམ་ལ་བྱ་དགའ་གནང་བ་དང་ཆབས་ཅིག ཁོ་ཚོའི་སྐད་ངག་གི་དབྱངས་རྟ་རེ་རེ་རྒྱ་ཆེའི་ལྟད་མོ་བའི་སྙན་དབང་གི་དཔལ་དུ་སྨིན་ཞིང་། དེ་མིན་བོད་ཀྱི་གླུ་མ་སྒྲོན་པེ་དང་གླུ་བ་ཚེ་དབང་སོགས་ཀྱིས་སྙན་གླ་ཡང་ཕུལ་ཡོད་ལ། རིག་རྩལ་འཁྲབ་སྟོན་པས་ལྡེམ་མྱུར་བྲོ་ཡི་ལྟད་མོ་རེ་རེ་དེར་འདུས་ཀྱི་ལྟད་མོ་བ་དག་གི་མིག་གི་ལོངས་སྤྱོད་དུ་བསྩལ་བ་སོགས་རིག་རྩལ་བྱེད་སྒོ་འདྲ་མིན་སྤེལ་བ་རེད།

ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ནི་སི་ཁྲོན་བོད་སྐད་རླུང་འཕྲིན་དང་དཀར་མཛེས་གསར་འགྱུར་དྲ་བས་གཙོ་གཉེར་བྱས་པ་དང་དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་དང་དར་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ། སྐྱ་གད་ཤང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།

གཙོ་གཉེར་ལས་ཁུངས་ཀྱིས་ཤིན་ཧྭ་གསར་འགྱུར་དྲ་བ་དང་ཀྲུང་དབྱང་རླུང་འཕྲིན་དྲ་བའི་གསར་འགྱུར་ལྟེ་གནས། སི་ཁྲོན་ཉིན་རེའི་ཚགས་པར་ཁང་། མི་རིགས་དུས་དེབ་ཁང་། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། དཀར་མཛེས་ཁུལ་བརྙན་འཕྲིན་ཁང་། དཀར་མཛེས་ཚགས་པར་ཁང་སོགས་གདན་དྲངས་ནས་འཕྲིན་སྦྱོར་གཅིག་བསྡུས་ཀྱིས་སྐྱ་གད་ཡུལ་ཚོའི་མི་ཉག་གྲོང་ཚོ་དང་ལི་ཚེ་གྲོང་ཚོ། ཞག་ལུང་གྲོང་ཚོ་བཅས་ལ་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་སྒྲུབ་ལུགས་ཀྱི་གནས་ཚུལ་དངོས་བཅར་འདྲི་བྱེད་དུ་བཅུག་པ་རེད།


                                                                                                                                                           

 སི་ཁྲོན་ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་ལེན་ཚན་གྱི་རྒྱང་བསྒྲགས་པ་ཚོས་གསན་མཁན་པ་དང་ཕན་ཚུན་གཞོགས་འདེགས་བྱེད་བཞིན་པ།                                                                                                                                                       སྐྱ་གད་ཤང་གི་འགོ་ཁྲིད་ཀྱིས་གསར་འགོད་པས་བཅར་འདྲི་བྱེད་པར་དང་ལེན་ཞུས་པ།                                                                                                                      




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1