སི་ཁྲོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་4བཏང་སྟེ་བོད་ཁུལ་གྱི་དབུལ་བོ་དུད་ཁྱིམ་ཁྲི་2ལྷག་ལ་སྡོད་ཁང་གསར་བ་སྐྲུན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 06-30


        སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  འབྲེལ་ཡོད་བྱ་བའི་ཇུས་གཞི་ལ་གཞིར་བཟུང་ནས་ཞིང་ཆེན་ནོར་སྲིད་ཐིན་གྱིས་2014ལོའི་སི་ཁྲོན་བོད་ཁུལ་གྱི་སྡོད་ཁང་གསར་བ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་4བཏང་སྟེ།  བོད་ཁུལ་གྱི་ཞིང་ལས་ས་ཁུལ་32དང་ཞིང་ཕྱུགས་ས་ཁུལ་གྱི་དབུལ་ཕོངས་དུད་ཁྱིམ་ཁྲི་2ལ་སྡོད་ཁང་གསར་བ་འཛུགས་སྐྲུན་བྱེད་རྒྱུ་རེད།
        ཞིང་ཆེན་ནོར་སྲིད་ཐིན་གྱིས་ཁུལ་དང་རྫོང་གིས་སྔར་ཡོད་བགྲོད་ལམ་ལྟར་རྣམ་གྲངས་མ་དངུལ་འཆར་འགོད་བྱེད་པ་དང།  འབྲེལ་ཡོད་ཞིང་ལས་མ་དངུལ་དང་ཁ་གཏད་རོགས་སྐྱོར་མ་དངུལ་སོགས་ཧྲག་བསྡུ་བྱས་ཏེ།  བོད་ཁུལ་གྱི་སྡོད་ཁང་གསར་བའི་སྤྱི་སྤྱོད་ཞབས་ཞུ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་པ་དང་། མི་སྡོད་ཁོར་ཡུག་ལེགས་པ་དང་མཛེས་སྡུག་ལྡན་པ།  བྱེད་ལས་ཆ་ཚང་ཡིན་པའི་བོད་ཁུལ་གྱི་སྡོད་ཁང་གསར་བ་འཛུགས་སྐྲུན་བྱས་པ་བརྒྱུད།  རོང་འབྲོག་པ་མང་ཚོགས་ལ་བདེ་ཞིང་སྐྱིད་པའི་ཁོར་ཡུག་ཞིག་གསར་སྐྲུན་བྱེད་པར་ཁེག་ཐག་བྱེད་དགོས་པའི་བླང་བྱ་བཏོན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1