ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ་བརྒྱད་པའི་ནང་འཚོག་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


       གསར་འགོད་པས་ཟླ་6པའི་ཚེས་26ཉིན་བསྡུས་པའི་ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གྲ་སྒྲིག་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ་8པའི་ཚེས་10ཉིན་ནས་ཚེས་12ཉིན་བར་ཆིན་དབྱང་གྲོང་ཁྱེར་ནས་ཚོགས་རྒྱུ་ཡིན་པ་དང་།ད་ལྟ་གྲ་སྒྲིག་བྱ་བ་སྣ་ཚོགས་བྲེལ་མྱུར་ངང་སྒྲུབ་བཞིན་པའི་སྒང་རེད།
      ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཁྲོད།འགྲན་བསྡུར་རྣམ་གྲངས་བརྒྱད་དང་འཁྲབ་སྟོན་གྱི་རྣམ་གྲངས་ལྔ་འཛུགས་རྒྱུ་ཡིན་པ་དང་། འགྲན་བསྡུར་རྣམ་གྲངས་ལ་འཕྲུལ་གཞུ་འཐེན་པ་དང་འཕང་ལོ་རྩེད་པ། དྲག་རྩལ།མི་རིགས་སྦེ་ག  མི་རིགས་བདེ་སྲུང་ལུས་སྦྱོང་སོགས་ཡོད་ལ།སྐབས་དེར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བཅུ་བཞི་དང་།ནུབ་བྱང་མི་རིགས་སློབ་ཆེན།ནུབ་བྱང་གྲངས་ཉུང་མི་རིགས་གསོ་སྦྱོང་ལྟེ་གནས།ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་སོགས་ནས་ཡོང་བའི་འཐུས་ཚབ་ཚོགས་པ་བཅུ་བདུན་གྱི་ལུས་རྩལ་པ་སྟོང་ལྷག་འགྲན་བསྡུར་ལ་ཞུགས་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1