ཀྲང་ཏེ་ཅང་གིས་མོ་ཟམ་བྷིག་གི་གྲོས་དཔོན་མཱ་ཁ་མའོ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 02-16


        སྤྱི་ཟླ་2པའི་ཚེས་15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མོ་ཟམ་བྷིག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་དཔོན་མཱ་ཁ་མའོ་དང་གྲོས་མོལ་མཛད།
        ཀྲང་ཏེ་ཅང་གིས་ཀྲུང་གོ་དང་མོ་ཟམ་བྷིག་ནི་དཀའ་སྡུག་མཉམ་ཁུར་གྱི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་པོ་ཡིན། ན་ནིང་གི་ཟླ་ལྔ་བར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཉིའུ་ཞི་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་མོ་ཟམ་བྷིག་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཐོ་ཚད་གསར་བར་ཇེ་མཐོར་གཏང་རྒྱུར་ཁྱབ་སྒྲོག་བྱས་པ་དང་མཉམ་ལས་འཕེལ་རྒྱས་ཐད་ལ་འཆར་འགོད་བཟང་བོ་གནང་། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་སྒོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱ་འདོད་པར་མ་ཟད། མོ་ཟམ་བྷིག་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་མོ་ཟམ་བྷིག་གི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཅེས་བསྟན། 
        མཱ་ཁ་མའོ་ཡིས་མོ་ཟམ་བྷིག་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། མོ་ཟམ་བྷིག་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1