ལི་ཐང་རྫོང་གིས་གྲོང་ཁྱེར་ཕྱོགས་བསྡུས་ཁྲིམས་སྟོན་ལྟེ་གནས་འཛུགས་པ།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-17


        ན་ནིང་ལོ་མཇུག་ཏུ། ལི་ཐང་རྫོང་གིས་གྲོང་ཁྱེར་ཕྱོགས་བསྡུས་ཁྲིམས་སྟོན་ལྟེ་གནས་དངོས་སུ་འཛུགས། འདི་ནི་ལི་ཐང་རྫོང་གིས་སྙིང་སྟོབས་ཆེན་པོས་གྲོང་ཁྱེར་གྱི་སྲིད་འཛིན་དོ་དམ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱས་ཏེ། ལོ་ཕྱེད་ཀ་ལྷག་ལ་ཚོད་ལྟ་བྱས་ནས་གྲུབ་འབྲས་ཀྱི་རྨང་གཞི་སྟེང་ལག་བསྟར་བྱས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 
         རྒྱུས་ལོན་བྱུང་བ་ལྟར་ན། མཛུབ་སྟོན་ལྟེ་གནས་དེ་ནི་རྫོང་གི་སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་ཅུས་དང་རྒྱལ་ས་ཐོན་ཁུངས་ཅུས། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས། བཟའ་བཏུང་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས། འཕྲོད་བསྟེན་དང་འཆར་གཞི་བུ་བཙའ་ཅུས་སོགས་ལས་ཁུངས་1ནས་བདམས་ཐོན་བྱུང་བའི་སྲིད་འཛིན་ཁྲིམས་འཛིན་མི་སྣ་2རེ་དང་དྲ་བའི་ཞབས་ཞུ་བ་24ཡིས་གྲུབ་པ་ཡིན། གྲོང་ཁྱེར་ནང་ཁོངས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཀ་གཅིག་གྱུར་འཆར་འགོད་སྒོས་མཛུབ་སྟོན་བྱེད་པར་འགན་ཁུར། ཁྲིམས་འཛིན་ཁྱབ་ཁོངས་ལ་གཙོ་བོ་བྱུང་ཚད་ཅུང་མཐོ་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལ་ཤུགས་རྐྱེན་ཐེབས་པའི་སྤྱི་པའི་བདེ་འཇགས་དང་གྲོང་ཁྱེར་དོ་དམ།  ཁོར་ཡུག་འཕྲོད་བསྟེན། ཁྲོམ་རའི་ལྟ་སྐུལ། སྤྱི་པའི་ཞབས་འདེགས། དམངས་འཚོའི་ལས་དོན། མི་གྲངས་དོ་དམ་སོགས་གནད་དོན་དག་ལ་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་དང་ཁྲིམས་མཐུན་སྲིད་འཛིན། མང་ཚོགས་ལ་ཞབས་འདགས་ཞུ་བ། འཚམས་འདྲི་རྟོག་ཞིབ། འགལ་ཟླ་ཞིབ་བཤེར། རྩོད་གླེང་འདུམ་འགྲིག གཏན་འཇགས་འགན་སྲུང་སོགས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་ལས་ཀ་འདུས་པ་རེད།།















དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1