ཧུང་ཡོན་རྫོང་གི་ནོར་གནག་མཉམ་ལས་ཁང་གིས་ལོ་རེར་དབུལ་བོར་རོགས་སྐྱོར་བྱས་པས་ཀུན་གྱི་དགའ་བསུ་ཐོབ།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-17


        སྤྱི་ཟླ་2པའི་ཚེས་15ཉིན། རྔ་བ་གསར་འགྱུར་དྲ་བར་སྤེལ་བའི་གནས་ཚུལ་ལྟར་ན། དབུལ་ཕོངས་སློབ་མ་སློབ་གྲྭར་ཞུགས་པའི་དཀའ་ངལ་སེལ་ཆེད། ཧུང་ཡོན་རྫོང་ཚྭ་མ་ཡུལ་ཤོག་དར་ལུང་གྲོང་ཚོའི་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གིས་ 2016ལོའི་ཡོངས་འབབ་ལས་སྒོར་ཁྲི་6.9བཀོལ་ཏེ་སྡེ་བ་དེའི་རིམ་པ་སོ་སོའི་སློར་ལོ་སོན་པའི་སློབ་མ་155ལ་རོགས་སྐྱོར་གནང་། རྒྱུས་ལོན་བྱུང་བ་ལྟར་ན། ཚྭ་མ་ཡུལ་ཤོག་དར་ལུང་གྲོང་ཚོའི་ནོར་གནག་གསོ་སྤེལ་མཉམ་ལས་ཁང་བཙུགས་ནས་ད་ལྟའི་བར། ལོ་རེར་ཆེད་དམུགས་མ་དངུལ་ཁག་ཅིག་བཀོལ་ཏེ་སྡེ་བ་དེའི་དབུལ་ཕོངས་ཁྱིམ་ཚང་དང་ཆ་རྐྱེན་ཞན་པའི་སློབ་མ་སོགས་ལ་རོགས་སྐྱོར་གནང་བས་སྡེ་མི་རྣམས་ཀྱིས་ཚད་མཐོན་པོའི་དགའ་བསུ་ཐོབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1