རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་གཉིས་པ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། སྤེལ་དུས། 02-17


        སྤྱི་ཟླ་2པའི་ཚེས་16ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་གཉིས་པ་བསྡུས་ཏེ། སློབ་སྔོན་སློབ་གསོ་བཟང་བོར་བསྒྲུབ་པའི་ཐད་ལ་བློ་འདོན་ཇུས་འབུལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་།
        བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཡུང་ཞིན་དང་ལི་ཝེ་ཧོང་། ཧུའུ་ཝེ་སོགས་དང་ཆེད་མཁས་པ་ལིས་ཏེན་ཏེན་སོགས་ཀྱིས་གཏམ་བཤད་པ་དང་ཡུས་ཀྲེན་ཧྲེན་གྱིས་ནན་ཏན་སྒོས་གཏམ་བཤད་ལ་གསན་ཞོར་དུ་ཁོ་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།
        ཨུ་ཡོན་ཁ་ཤས་ཀྱིས་གྲོས་གཞི་ལྔ་བཏོན། གཅིག སློབ་སྔོན་སློབ་གསོར་མཐོང་ཆེན་བྱ་དགོས་པ། གཉིས། བྱེད་ཐབས་སྣ་མང་སྤྱད་དེ་ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་འདོན་སྤྲོད་རྒྱ་བསྐྱེད་དགོས་པ། གསུམ། སྤུས་ཚད་ཇེ་མཐོར་གཏོང་བར་ཡིད་འཇོག་ཆེན་པོ་བྱ་དགོས་པ། བཞི། མཐའ་མཚམས་མི་རིགས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་སྔོན་སློབ་གསོར་རྒྱབ་སྐྱོར་ཆེན་པོ་བྱ་དགོས་པ། ལྔ། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། རང་རྒྱལ་སློབ་སྔོན་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་གནད་དོན་ཐད་གཏན་འཁེལ་གསལ་བོ་བྱ་དགོས་པ་བཅས་རེད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅ་རོས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་བསམ་འཆར་བཏོན་པ་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱིས་སློབ་སྔོན་སློབ་གསོའི་གནད་དོན་ལ་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་ལ། ཚོགས་འདུའི་སྔོན་དུ། ཀྲུང་དབྱང་དམངས་གཙོ་སྐུལ་འདེད་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཆེད་དོན་རྟོག་ཞིབ་བྱས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1