ལི་ཐང་རྫོང་གིས་ད་ལོར་གྲོང་གསེབ་ཀྱི་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣའི་གྲངས་མཛོད་འཐུས་ཚང་དུ་བཏང་།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-20


        ཉེ་ལམ།  སི་ཁྲོན་གསར་འགྱུར་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། 2017ལོར། མི་འགྱངས་པར་ལི་ཐང་རྫོང་གིས་གྲོང་གསེབ་ཀྱི་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣའི་གྲངས་མཛོད་ཡོད་པར་གྱུར་བ་དང་། འདི་ནི་རྫོང་འདིའི་ཤེས་ལྡན་མི་སྣར་རོགས་འདེགས་འཐབ་ཇུས་ཀྱི་ལག་ལེན་བྱེད་ཐབས་ཤིག་ཡིན་པ་རེད། 
        ལི་ཐང་རྫོང་གིས་མི་མཐུད་དུ་ཤེས་ལྡན་མི་སྣར་རོགས་འདེགས་འཐབ་ཇུས་སྐུལ་འདེད་བྱས་པའི་རྨང་གཞིའི་ཐོག འགོ་ཁྲིད་ལས་བྱེད་མི་སྣ་དང་ཆེད་གཉེར་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་གསར་བཟོ། འཕྲུལ་ཆས་བཟོ་ལས་ནང་འདྲེན་དང་བཀོལ་སྤྱོད་བྱེད་པ། འབད་བརྩོན་ཆེན་པོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣར་རོགས་འདེགས་མ་ལག་བཟོ་བཀོད་ཤུགས་ཆེ་རུ་གཏོང་བ། ཐོད་བརྒལ་འཕེལ་རྒྱས་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་འདོན་སྤྲོད་ཡུན་རིང་བདེ་འགོད་ཡོང་ཆེད། གཅིག་ནས་ཕྱོགས་ཡོངས་ནས་གཞི་རིམ་ལས་ཞུགས་ལེགས་འགྲུབ་དང་ཞབས་འདེགས་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་འགན་ལེན་བྱེད་པ། གཉིས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དྲིལ་བསྒྲགས་དང་མ་དངུལ་འཛིན་སྤྲོད་རྒྱ་ཆེ་རུ་གཏོང་བ། གསུམ་ནས་མཐོ་རིམ་མཐར་ཕྱིན་སློབ་མར་དངོས་སྦྱོང་རྟེན་གཞི་གཉིས་གསར་འཛུགས་བྱས་ཏེ་མཐར་ཕྱིན་སློབ་མའི་བྱ་བཞག་གསར་བཏོད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། སྤུས་རྟགས་གསོ་སྦྱོང་བྱེད་པ་དང་ན་གཞོན་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བཞི་ནས་རྫོང་ཡོངས་ཀྱི་ལོ་ཚོད་18ནས་45བར་གྱི་གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་དང་གྲོང་གསེབ་ཀྱི་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣ། ལས་ཞུགས་ཀྱི་དགོས་མཁོ་དང་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་ལས་ཞུགས་མཐར་ཕྱིན་སློབ་མའི་གཞི་གྲངས་ཁག་བཞི་ལ་གཙང་བཤེར་དང་གཞི་འཛིན་གྲངས་མཛོད་ལ་ལེགས་བཅོས་བྱེད་པ། ལྔ་ནས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་གདན་ཞུ་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་བ། དེ་མིན་ཐེབས་རྩར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་སོ།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1