མཛོ་དགེ་རྫོང་གིས་རྫོང་མཁར་གཞུང་ལམ་གྱི་ཤར་གཏོང་བྱེད་ཤུགས་མཐོར་འདེགས་སུ་བཏང་།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-20



        ཉེ་ལམ། རྔ་བའི་གསར་འགྱུར་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། མཛོ་དགེ་རྫོང་གིས་རྫོང་མཁར་འགྲིམ་འགྲུལ་དོ་དམ་མ་ལག་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་རྫོང་མཁར་གཞུང་ལམ་གྱི་ཤར་གཏོང་བྱེད་ཤུགས་མཐོར་འདེགས་སུ་གཏང་ཆེད། 2017ལོར་མཛོ་དགེ་རྫོང་གིས་མ་དངུལ་ཁྲི་200གཏོང་བའི་འཆར་གཞི་བཀོད། དེ་ནས་སྒྲོན་དམར་དང་སྒྲོན་ལྗང་།  སྒྲིག་ཁྲིམས་ལས་འགལ་བའི་གློག་རྡུལ་པར་ལེན་དང་འགྲིམ་འགྲུལ་རྟགས་མཚན་སོགས་ཀྱི་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱུང་དུ་བཅུག་པ་དང་རྫོང་མཁར་དུ་རླངས་འཁོར་གངས་འདོད་དུ་འཇོག་པ་སོགས་ཀྱི་ལུགས་འགལ་བྱ་སྤྱོད་ཚད་ལྡན་དུ་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1