སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་93ལོན་པ་དང་ཕུལ་བྱུང་རྫོང་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01



        སྤྱི་ཟླ་6པའི་ཚེས་30ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་93ལོན་པ་དང་ཕུལ་བྱུང་རྫོང་དང་གྲོང་རྡལ།   གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་དེ་ཁྲེན་ཏུའུ་རུ་འཚོགས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་།    དམ་སྲུང་གསུམ་དང་དངོས་གཉེར་གསུམ་གྱི་ནང་དོན་ལྟར་ལག་ལེན་ཁྲོད་དུ་དོན་དངོས་ཀྱི་མཛེས་སྡུག་གི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་པའི་གསུང་བཤད་གནང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གྲོས་ཚོགས་སུ་ཞུགས།  ཁོ་ཙུན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་གནང་། 
        ཚོགས་ཆེན་ཐོག་ཏུ་《ཀྲུང་གོ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་རྫོང་དང་གྲོང་རྡལ།   གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན།》ཡོངས་བསྒྲགས་བྱས། ཞིང་ཆེན་ཡོངས་སུ་ཏང་ཨུའི་རྩ་འཛུགས་ཀྱི་ཧྲུའུ་ཅི་313གཟེངས་བསྟོད་ཐོབ་པ་དང་།   འཐུས་ཚབ་མི་སྣ་6གིས་གཏམ་བཤད་སྤེལ།
       ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་བློ་མཐུན་རྣམས་ལ་རྟེན་འབྲེལ་ཞུས་པ་དང་།  ཞིང་ཆེན་ཡོངས་ཀྱི་ཏང་ཡོན་བློ་མཐུན་རྣམས་ལ་ཏང་གི་འཁྲུངས་སྐར་གྱི་དུས་ཆེན་ལ་འཚམས་འདྲི་ཞུས། 
                                                                                                                                                                                                            སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1