གཙོ་ངོས།>> སི་ཁྲོན་གསར་འགྱུར།>>དཀར་མཛེས།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༢༡ཉིན།

ཉག་རོང་རྫོང་གིས་ཤུགས་ཆེན་པོས་རང་བྱུང་ཐོན་ལས་ཀྱི་མ་ལག་བཙུགས་པ།

        མིག་སྔར། གསར་འགོད་པས་ཉག་རོང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་དུ་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། མ་འོངས་པའི་ལོ་ལྔའི་ནང་། ཉག་རོང་རྫོང་གིས་ཐོན་ཁུངས་གསར་སྤེལ་གཙོ་བོར་འཛིན་རྒྱུ་དང་ལྗོང་མདོག་སྣོད་བཅུད་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་མ་ཟད། ཞིང་ཕྱུགས་ལས་རིགས་ཀྱི་དམངས་གཞི་སྲ་བརྟན་དུ་གཏོང་བ་དང་ཆུ་གློག་གི་གཙོ་རྟེན་ཐོན་ལས་གཙོ་སྐྱོང་བྱེད་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ལས་ཀྱི་མ་ལག་བཙུགས། 
        རྫོང་ཡོངས་ཀྱི་ཆུ་གློག་ཐོན་ཁུངས་ཀྱི་གསོག་ཚད་ཆན་ཝ་ཁྲི་354ཡོད། དེའི་ནང་ཆན་ཝ་ཁྲི་220གསར་སྤེལ་བྱ་ཆོག ཉག་རོང་རྫོང་གིས་རྫོང་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གློག་འདོན་ས་ཚིགས་ཀྱི་སྔོན་འགྲོའི་ལས་ཀ་གྲ་སྒྲིག་གང་ལེགས་བྱེད་པའི་གནས་བབ་ཡག་པོ་དེ་བེད་སྤྱོད་ལེགས་པར་བྱས་པར་མ་ཟད། ཉག་ཆུ་ཀུང་སི་དང་མཉམ་དུ་ཞིང་ཆེན་དང་རྒྱལ་ཁབ་ལ་མུ་མཐུད་དུ་ཉག་ཆུའི་ཆུ་སྟོད་ཀྱི་ཆུ་གློག་ཐོན་ལས་གསར་སྤེལ་གཏོང་བ་ལྷུར་བརྩོན་བྱས། 
        སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གཙོ་བོ“གནས་གསུམ་ཁུལ་གཅིག”གི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་ཏེ་ཡུལ་སྐོར་སྤྲོ་གསེང་ལས་རིགས་གཙོ་སྐྱོང་དང་སྐུལ་ཁྲིད་ཀྱི་ནུས་པ་ལྡན་པའི་དམངས་ཕྱུག་ཐོན་ལས་དམིགས་སུ་འཛིན་དགོས། 
        སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་གོང་འཕེལ་གཏང་བ་རྒྱུན་འཁྱོངས་དང་འདེབས་འཛུགས་གསོ་འཕེལ་ལས་རིགས་དམ་འཛིན་ལྷོད་མེད་བྱས་ཏེ།  སྔོ་ཚོལ་དང་འབྲས་ཤིང་། སྨན་རྫས་བཅས་ཀྱི་རྟེན་གཞི་འཛུགས་སྐྲུན་ཤུགས་སྣོན་བྱས་ཏེ་ཤུགས་ཆེན་པོས་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་བྱ་དགོས། དེ་མིན་ཞིང་ལས་དང་ཡུལ་སྐོར་གྱི་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས་ཞིང་ལས་དང་ནགས་ལས།  ཕྱུགས་ལས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གསར་དུ་གཏོད་དགོས། རྣམ་པ་གསར་པའི་ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་སྡེ་ཚན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཆེད་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྒྱ་སྐྱེད། ཧུར་བརྩོན་གྱིས་དག་གཙང་གི་ཞིང་ལས་ཐོན་རྫས་དང་ལྗང་མདོག་ཟས་རིགས།  སྐྱེ་ལྡན་ཟས་རིགས།  རྒྱལ་ཁབ་ས་ཁམས་མཚོན་རྟགས་ཁས་ལེན་སོགས་ཀྱི་ལས་ཀ་སྤེལ་ཏེ་གློག་རྡུལ་ཚོང་གཉེར་གྱི་སྟེགས་བུ་བརྒྱུད་དེ“སྦྲེལ་མཐུད་དྲ་རྒྱ+ལྗང་མདོག”གི་མ་ལག་སྒྲིག་འཛུགས་བྱ་དགོས།།
     

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1