༄༅།། རྣམ་བཅུ་དབང་ལྡན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17



 རྣམ་བཅུ་དབང་ལྡན་ནི། དུས་ཀྱི་འཁོར་ལོའི་སྙིང་པོ་ཡིན། དེ་ནི་ཡ་ར་ཝ་ལ་མ་ཀྵ་ཧ་ཞེས་པའི་ཡི་གེ་བདུན་དང་། དེ་ཉིད་བོད་ཡིག་བྲིས་ན་ཞེས་པ་དེ་ཡིན། ད་ལྟ་འདིར་བཀོད་པ་ནི་ལེགས་སྦྱར་སྐད་ཀྱི ་ཡིག་གཟུགས་དེར་རྐང་པ་མང་ཉུང་ལས་རྒྱས་འདུས་སྣ་ཚོགས་ཡོད། དེ་ནི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་སྟེ་གདན་བཞིའི་སྙིང་དུ་རླུང་གིས་མཚོན་དོན་ཡ་ནག་པོ། མེའི་མཚོན་དོན་ར་སྟེ་ཤར་ནག  ལྷོ་དམར། བྱང་དཀར། ནུབ་སེར།         དབུས་ལྗང་གུའོ། གཞན་ཀྱང་འདོད་པའི་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་དུ་ཡང་གསུངས། ཀྵ་གཟུགས་ཁམས་མཚོན་པའི་ལྗང་ཁུ། ཧ་གཟུགས་མེད་ཁམས་མཚོན་པའི་སྔོན་པོ། ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ། ཐིག་ལེ་ནི་དྲོད་ཉི་མའི་ཁམས་དམར་པོ། ནཱ་ད་ནམ་མཁའི་ཁམས་སྔོན་པོ་ཡིན།
འདི་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། འདི་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་གནོན་ནས་བཀྲ་ཤིས་པར་བྱེད། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས། གནོད་པ་སྲུང་། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང་དགེ་ཤིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་པར་བརྟེན། ཕལ་ཆེ་བས་ཁང་སྟེང་དང་། གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཆགས་ཡོད། དོན་དངོས་ཐོག་འདིས་ནི་དུས་ཀྱི་དཀྱིལ་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པས་འདིར་ཆ་ཚང་བ་བཤད་མི་ནུས། ད་ལམ་འདིར་བྲིས་པའི་དགོས་དོན་ཡང་། མཐོང་ཐོས་དྲན་པ་ཐམས་ཅད་གནས་སྐབས་བཀྲ་ཤིས་ཤིང་དགེ་བར་བྱེད་པ་དང་། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་འགྱུར་བ་སོགས་དགོས་པ་ཤིན་ཏུ་ཆེའོ།  །
 


རྩོམ་ཡིག་སྔོན་མ།
༄༅།། རྟགས་བརྒྱད་བུམ་གཟུགས།
རྩོམ་ཡིག་རྗེས་མ།
༄༅།། ལྷ་བྲིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1