གཙོ་ངོས།>> སི་ཁྲོན་གསར་འགྱུར།>>དཀར་མཛེས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༢༡ཉིན།

ཞིང་ཆེན་དཔྱད་ཞིབ་ཚོ་ཆུང་གིས་དཀར་མཛེས་ཁུལ་གྱི་2016ལོའི་ཨེ་ཛིའི་ནད་དང་རྒྱལ་གཅེས་འཕྲོད་བསྟེན་ལས་ཀར་དཔྱད་ཞིབ་བྱས།

        ཉེ་ཆར། ཞིང་ཆེན་དབུལ་སྐྱོར་དང་གནས་སྤོ་ཡུལ་མི་ཅུས་ཀྱི་སྐོར་ཞིབ་པ་ཝང་ཞའོ་ཀང་གིས་སྣེ་ཁྲིད་བྱས་པའི་ཞིང་ཆེན་དམིགས་འབེན་དཔྱད་ཞིབ་ཚོ་ཆུང་གིས་དཀར་མཛེས་ཁུལ་གྱི་2016ལོའི་ཨེ་ཛི་ནད་སྔོན་འགོག་དང་རྒྱལ་གཅེས་འཕྲོད་བསྟེན་ལས་ཀ་ལེགས་འགྲུབ་བྱུང་ཚུལ་ལ་དཔྱད་ཞིབ་བྱས་པ་རེད། 
        དཔྱད་ཞིབ་ཚོ་ཆུང་གིས་ཡུལ་དངོས་སུ་ཞིབ་བཤེར་དང་ཡིག་རིགས་ཞིབ་བཤེར་ཟུང་འབྲེལ་བྱས་པའི་བྱེད་ཐབས་སྤྱད་ནས་སྔོན་རྗེས་སུ་གུར་བྲག་གྲོང་རྡལ་དང་དར་མདོ་གྲོང་ཁྱེར་གྱི་འཕྲོད་བསྟེན། ནད་ཡམས་ཚོད་འཛིན་སྡེ་ཁག་སོགས་དང་། ཁྲོམ་ལམ། འདུས་སྡེ་ཁུལ། གྲོང་ཁུལ་བཅས་སུ་ཕྱིན་ནས་ཆེད་དམིགས་ལས་དོན་སྤེལ་ཚུལ་དང་དམིགས་ཡུལ་དོ་དམ་ལག་བསྟར་བྱས་ཚུལ་སྐོར་ལ་ལྟ་ཞིབ་བྱས་པས་མ་ཚད་ཞིབ་བཤེར་མཇུག་འབྲས་ལ་དམིགས་ནས་བསམ་འཆར་ཕྱིར་ལྡོག་བྱས་པ་རེད།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིན་ཕེབས་རོགས་གནང་བས་མ་ཚད་དམིགས་འབེན་བསམ་འཆར་ཕྱིར་ལྡོག་བྱས་པའི་ཚོགས་འདུར་ཞུགས་པ་རེད།
        ཚོགས་འདུའི་ཐོག་རང་ཁུལ་གྱི་2016ལོའི་ཨེ་ཛིའི་ནད་སྔོན་འགོག་དང་རྒྱལ་གཅེས་འཕྲོད་བསྟེན་ལས་ཀ་སྤེལ་ཚུལ་གྱི་གནས་ཚུལ་ཞུས་ཡོད་ཅིང་།  དཔྱད་ཞིབ་ཚོ་ཆུང་གིས་དཔྱད་ཞིབ་འཇུག་འབྲས་བརྡ་ཁྱབ་དང་བསམ་འཆར་ཕྱིར་ལྡོག་བྱས་རྗེས་བསྟན་དོན། ཉེ་བའི་ལོ་ཤས་རིང་ལ་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཨེ་ཛིའི་ནད་སྔོན་འགོག་དང་རྒྱལ་གཅེས་འཕྲོད་བསྟེན་ལས་ཀར་མཐོང་ཆེན་བྱས་ཏེ་འགོ་ཁྲིད་རྩ་འཛུགས་དང་མ་ལག་འཛུགས་སྐྱོང་། ཕྱོགས་བསྡུས་འགོག་བཅོས་བྱེད་པར་དོ་སྣང་ཡག་པོ་བྱས་ཏེ་ཁྱོན་ཡོངས་ནས་སྔོན་འགོག་བྱེད་ཐབས་ལག་བསྟར་བྱས་པ་དང་དམིགས་བསལ་གྱི་དོན་ཆེན་གསུམ་འགྲུབ་པར་བྱས་ཡོད་པ་སྟེ། གཅིག་ནི་འགོ་ཁྲིད་སྒྲིག་འཛུགས་གནས་སུ་འབྱོར་ཡོད། ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཁག་མཉམ་འགུལ། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཞུགས་པའི་ནང་རྐྱེན་གཞི་རྩའི་ཆ་ནས་གྲུབ་པ་རེད། གཉིས་ནི་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་སློབ་གསོ་བྱས་པ་དང་ལྷག་པར་དུ་སློབ་གྲྭ་དང་དགོན་པ་བཅས་ཀྱི་ཁྱབ་ཁོངས་ནང་མངོན་གསལ་གྱི་གྲུབ་འབྲས་ཐོབ་པ་རེད།  གསུམ་ནི་2016ལོར་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་གི་གྲོང་ཁུལ་2བཙུགས་པས་མ་ཚད།  ཆབ་ཁང་བསྒྱུར་བཀོད་དང་གད་སྙིགས་དངུལ་ཁང་སོགས་གསར་གཏོད་བྱེད་སྟངས་ལ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཉམས་མྱོང་བསྐྲུན་ཡོད་པ་རེད།     དཔྱད་ཞིབ་ཚོགས་ཆུང་གིས་ཁུལ་ཡོངས་ཀྱི་ལས་ཀའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་བ་དང་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ནས་འགོས་ནད་འགོག་བཅོས་གནད་དུ་འཁེལ་བ་དང་ནད་པར་དོ་དམ་བྱ་དགོས་པའི་བླང་བྱ་བཏོན་པ་དང་། ཤང་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་འགུལ་དང་དབུལ་སྐྱོར་གནད་སྨིན་གྱི་ལས་གཞི། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་སོགས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ། འཕྲོད་བསྟེན་གྲོང་ཚོ་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཤང་གྲོང་། འཕྲོད་བསྟེན་གྲོང་གསེབ། འཕྲོད་བསྟེན་ལས་ཁུངས་བཅས་བསྐྲུན་རྒྱུའི་ལས་ཀར་སྐུལ་འདེད་སྔར་ལས་གཏིང་ཟབ་གཏང་དགོས་ཞེས་རེ་འདུན་བཏོན་པ་རེད།
        ཁྲེན་ཅིན་གྱིས་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དཔྱད་ཞིབ་ཚོགས་ཆུང་གིས་དུས་ཡུན་རིང་པོར་རང་ཁུལ་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པས་མ་ཚད་ཕྱིན་ཆད་རང་ཁུལ་གྱིས་ཕྱོགས་གསུམ་གྱི་ཐད་ལ་ཤུགས་སྣོན་དང་འབད་བརྩོན་བྱ་རྒྱུ་ཡིན་པ་བཏོན་པ་རེད། གཅིག་ནི་སྔར་ལྷག་གིས་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་ཀའི་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་2017ལོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གྲོང་ཁྱེར་དང་ཁུལ་རིམ་པར་གཤམ་བསྒྲགས་བྱས་པའི་གསར་བསྐྲུན་དམིགས་འབེན་ལེགས་འགྲུབ་ཡོང་ཆེད་ཧུར་བརྩོན་བྱ་རྒྱུ་ཡིན། གཉིས་ནི་ནན་ཏན་གྱིས་ལྟ་ཞིབ་ཚད་ལེན་དང་གནད་འཁེལ་ཞིབ་འཇུག  ཚན་རིག་དང་མཐུན་པའི་སྔོན་འགོག་བཅས་བྱས་ནས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་འགོས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀར་སྐུལ་འདེད་གཏང་རྒྱུ་ཡིན། གསུམ་ནི་སྤྱི་ཚོགས་ཡོངས་ཀྱིས་ནུས་ཤུགས་ཆེན་པོས་ཁུལ་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏང་དགོས།།    

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1