དོན་འགྲུབ་ཚེ་རིང་དང་ཁོང་གི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-21


        

         དོན་འགྲུབ་ཚེ་རིང་། ཕོ། སྤྱི་ལོ་༡༩༦༥ལོའི་ཟླ་༥པའི་ཚེས་༥ཉིན་ཁམས་སྡེ་དགེ་དབོན་པོ་སྟོད་སྨན་རབས་བཅུ་གསུམ་ཡོད་པའི་ཐང་ཚ་ཚང་ཟེར་བར་སྐྱེས། ད་ལྟར་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་ནས་ལས་འཁྱུར་ངལ་གསོ་བྱས་ཡོད། ༡༩༧༩ལོར་དཀར་མཛེས་ཁུལ་གློག་བརྙན་མཐུན་གཉེར་གྱི་བོད་སྐད་གློག་བརྙན་སྒྲ་སྦྱོར་དང་ཡིག་སྒྱུར་ལས་དོན་ནང་ཞུགས། ༡༩༨༨ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐའ་ཕྱིན། ༡༩༩༢ལོར་དཀར་མཛེས་ཁུལ་བརྙན་འཕྲིན་ལས་ཁུངས་སུ་རྒྱ་བོད་སྐད་ཀྱི་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་སྙན་ཞུ་དང་མདོ་འཛིན་པ། བརྙན་ཕབ་ལེ་ཚན་ཡིག་སྒྱུར་སོགས་ཀྱི་ལས་ཀ་སྒྲུབ། ལས་དོན་ནང་ཞུགས་ནས་སྔོན་རྗེས་སུ་སྒྲུང་ཞུ་གློག་བརྙན་ལྔ་བཅུ་ལྷག་གི་ཡིག་སྒྱུར་དང་ཞུ་དག གློག་བརྙན་བརྒྱ་དང་སུམ་ཅུ་ལྷག་ལ་སྒྲ་སྦྱོར་དང་བརྙན་འཕྲིན་ལེ་ཚན་ལྔ་བཅུ་ལྷག་གི་པར་ལེན་དང་འགྲེལ་བཤད། མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་སྒྱུར་སྐྲུན་དང་སྒྲ་སྦྱོར། འཁྲབ་ཁྲིད། དགོང་ཚོགས་སོ་སོའི་མདོ་འཛིན་པ་བཅས་བྱས་མྱོང། ལས་དོན་གྱི་ཞོར་དུ་བོད་ཀྱི་བྲིས་ལ་ཧ་ཅང་དགའ་བས་དགེ་རྒན་མང་པོ་ཞིག་ལ་བསྟེན་ནས་བྲིས་རྒྱུན་སོགས་སྦྱངས། ༡༩༨༩ལོར་རྒྱལ་ཡོངས་བོད་ཁུལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཐེངས་དང་པོའི་ཐོག་ཕུལ་བྱུང་བྱ་དགའ་དང་༡༩༩༤ལོའི་ལོ་གསར་དུས་སུ་ཁམས་དར་མདོ་རུ་སྒེར་གྱི་བོད་ཡིག་ཡིག་གཟུགས་བཤམས་སྟོན་བྱས། སྔོན་རྗེས་སུ་པེ་ཅིང་དང་ཧྲང་ཧའེ། ཀང་ཀྲའུ། ལྷ་ས་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་འགྲེམ་སྟོན་དང་འགྲན་བསྡུ་སོགས་སུ་ཞུགས་ནས་བྱ་དགའ་ཡང་མི་ཉུང་བ་ཞིག་ཐོབ། ༢༠༡༤ལོར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བོད་ཀྱི་བྲིས་གཟུགས་རྒྱུད་འཛིན་པའི་མིང་ཐོ་རག་པ། ད་ལྟ་བྲིས་ཀྱི་བརྩམས་ཆོས་ཉིས་བརྒྱ་ལྷག་ཙམ་ཡོད་དོ། ད་དུང་མུ་མཐུད་དུ་བོད་ཀྱི་ཡིག་གཟུགས་འབྲི་བའི་ལས་ཀ་ལ་འབད་བརྩོན་བྱས་དང་བྱེད་མུས་སུ་ཡོད། ད་ལྟར་དཀར་མཛེས་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་གློག་བརྙན་བརྙན་འཕྲིན་ལྷན་ཚོགས་དང་བྲིས་ཀྱི་ལྷན་ཚོགས། ཞིང་ཆེན་ཡིག་སྒྱུར་ལྷན་ཚོགས། དཀར་མཛེས་ཁུལ་གེ་སར་རིག་གནས་ལྷན་ཚོགས་བཅས་ལ་ཞོར་ལས་ཞབས་ཞུ་བྱེད་བཞིན་པ་དང་མ་ལ་ཡ་གློག་བརྙན་བརྙན་འཕྲིན་ལས་སྒྲུབ་ཁང་། མ་ལ་ཡ་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་ལས་སྒྲུབ་ཁང་བཅས་གཉེར་བཞིན་པའོ། །

མཛེས་པའི་ཉི་ཟླ།

བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།

འཇམ་དབྱངས་བསྟོད་པ།

ཡོནཏན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1