རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་རྒྱ་ཟུང་ལྡན་གྱི་ཡོལ་ངོས་མཐུད་སྣེ་མང་འཚམ་ཅན་གྱི་ཕྱོགས་བསྡུས་དྲ་ཚིགས་ཀུན་གྱི་སྤྱན་ལམ་དུ་དངོས་སུ་སྤེལ་འགོ་ཚུགས།

སྒྲོལ་མ་ཚེ་བརྟན་ནས་བསྒྱུར། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། སྤེལ་དུས། 07-01


                      སྨྱུ་གུའི་རང་གཏམ་མཁའ་རུ་འཕྱོ་བའི་ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ། །ཀ་མད་སུམ་ཅུའི་ཁོངས་ནས་བརྡོལ་བའི་གངས་ལྗོངས་ཀྱི་ཉི་གཞོན་དྲ་བ། །www.zangdiyg.com 2014ལོའི་ཟླ་7པའི་ཚེས་1ཉིན་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་མངོན།
                      འདི་ནི་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་གངས་རིའི་ར་བས་བསྐོར་བའི་ཡུལ་ལྗོངས་འདི་རུ་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ངོ་སྤྲོད་དང་། གསར་འགྱུར་དང་རྩོམ་རིགས། གནའ་ཤུལ། སྐྱེ་ཁམས། དམངས་ཁྲོད། ཞིབ་འཇུག་སོགས་ལེ་ཚན་ཆེ་བ་18ལས་གྲུབ་པ་ཞིག་ཡིན་ལ། ལྷག་པར་དུ་མཐའ་ཡས་རིག་གཞུང་ཁུར་གྱིས་དུད་པའི་ཤེས་བྱའི་གན་མཛོད་དུ་དུས་གསུམ་འགྱུར་བག་རྗེན་པར་སྟོན་པའི་གསར་འཕྲིན་གྱི་ཕོ་ཉ་དང་པོ་སྟེ། ཟམ་ཟིམ་སྦྲང་ཆར་ཟིལ་མའི་དངོས་གྲུབ་ལྷད་མེད་འདི་རུ་འཇོ་ལ། ལྷབ་ལྷུབ་ཁ་བའི་འདབ་མའི་མེ་ཏོག་དཀར་པོའང་འདི་ན་འཐོར། 
    ཡིན་ནའང་དུས་ཀྱི་ཁོར་མོའི་བར་སྟོང་ཉུང་དྲགས་ལ་ངེད་གངས་ལྗོངས་ཉི་གཞོན་དྲ་བ་ཡང་མི་ཡུལ་དུ་འཁྲུངས་པའི་བྱིས་པ་ཞིག་དང་མཚུངས་པས་ཀུན་གྱི་ཡིད་སྨོན་གསོ་པའི་བདུད་རྩི་དང་རྣ་བར་སྙན་པའི་དམངས་གླུ་རུ་གྲུབ་ཆ་འཐུས་ཚང་། རྣམ་པ་སྤུས་ལེགས་ཤིག་བཟོ་མ་ཐུབ་པས། ཁྱེད་ཀློག་པ་པོ་དང་གཟིགས་པ་པོ་རྣམས་ཀྱིས་ལྷད་མེད་དག་གཙང་གི་ཚེ་སྲོག་ཆུང་ཆུང་འདི་ལ་ལྷག་བསམ་རྣམ་དག་གི་འཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཞུ།  
          གངས་ལྗོངས་ཉི་གཞོན་དྲ་ཚིགས།   www.zangdiyg.com
          ཡིག་ཟམ།   swzdyg@163.com
 
                                                                                                                                             

                                                                                                                              


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1