བྲག་མགོ་རྫོང་གིས་སྤྱིའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས་དམངས་འཚོ་ལེགས་བསྒྱུར་བྱས།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22


        ཉེ་བའི་ལོ་འགའི་རིང་། བྲག་མགོ་རྫོང་གིས་སྤྱིའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས་དམངས་འཚོ་ལེགས་བསྒྱུར་བྱས། 
        སློབ་གསོའི་ལས་དོན་འཕེལ་རྒྱས་གཙོར་བཟུང་སྟེ། ནོར་སྲིད་ཉུང་ངུས་སློབ་གསོའི་བྱ་བ་ཆེན་པོ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་འཆར་འགོད་དང་མ་དངུལ་བཀོལ་སྤྱོད། ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་སྐབས། སློབ་གསོའི་འཕེལ་རྒྱས་དགོས་མཁོ་འགན་སྲུང་དང་དོན་ཐོག་ཏུ་འཁྱོལ་བ་གཙོར་བཟུང་། སློབ་ལོ་མ་སོན་པའི་སློབ་གསོ་ཁྱབ་གདལ་དུ་བཏང་བ་དང་འོས་འགན་སློབ་གསོ་དོ་མཉམ་ཡོང་བ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་སྤུས་ལེགས་སུ་འགྱུར་བ། ལས་རིགས་སློབ་གསོ་རྒྱ་བསྐྱེད་སོགས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ནས་ལོ་བཅོ་ལྔར་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་སྔོན་ལ་མངོན་འགྱུར་བྱེད་ཐུབ་པ་བྱུང་། སྒོར་དུང་ཕྱུར་5.5.བཀོལ་ཏེ་སློབ་གྲྭ་ཚད་ལྡན་ཅན་དང་སློབ་གྲྭའི་བདེ་འཇགས་ལས་གཞི། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། ཆ་རྐྱེན་ཞན་པའི་སློབ་གྲྭ་བསྒྱུར་བཀོད་དང་སློབ་ཁྲིད་དཔྱད་ཆས་སོགས་སྒྲིག་ཆས་གསར་བསྒྱུར་བྱས། རྫོང་ཁོངས་གཏོགས་ཀྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་བྱུང་བ་དང་།ཁག་སོ་སོའི་ཚད་གཞི་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཚད་གཞིར་སླེབས། ཁུལ་རིམ་པའི་བསྐྱར་ཞིབ་དང་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་མཐུན་པར་མ་ཟད་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1