རྒྱལ་རོང་གི་མཛེས་མ།

རྩོམ་སྒྲིག་པ།འབྲུག་མཚོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-22




    ཟླ10བའི་ཚེས29ཉིན། 2012ལོའི་སི་ཁྲོན་རོང་བྲག་རྒྱལ་རོང་གི་བོད་ཀྱི་གོམས་སྲོལ་དུས་ཆེན་ལས་རྒྱལ་རོང་གི་མེ་ཏོག་ཅེས་པའི་བྱད་གཟུགས་འགྲན་སྡུར་མཇུག་རྫོགས་ཤིང་། འགྲན་སྡུར་སྟེང་འགྲན་ཞུགས་པ20ཁྲོད་ཨང་རྟགས7པའི་འགྲན་ཞུགས་པ་ཡཱང་ཁྲིན་ཞེས་པས་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན་པར་བྱེད་པའི་སྙན་གླུ་ཞིག་ཕུལ་བས། གསེར་གྱི་མེ་ཏོག་ཅེས་པའི་མཚན་སྙན་ཁོ་མོར་ཐོབ་པ་དང་། ཨང་རྟགས15བ་ཞཱོང་ཞའེ་ལེ་དང་ཨང་རྟགས8པ་ཨ་བརྟན་གཉིས་ལ་དངུལ་གྱི་མེ་ཏོག་གི་མཚན་སྙན་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་སྡུར་སྟེང་གསེར་གྱི་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར10000དང་། དངུལ་གྱི་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར8000། སེ་འབྲུ་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར6000། བསྐྱར་འགྲན་ཁྲོད་ཚུད་པའི་ཕུལ་བྱུང་འགྲན་ཞུགས་པ14ལ་བྱ་དགའ་སྒོར2000བཅས་གནང་བ་རེད། 

                                                                                     

                  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1