གཙོ་ངོས།>> སི་ཁྲོན་གསར་འགྱུར།>>དཀར་མཛེས།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༢༣ཉིན།

ཕྱག་ཕྲེང་རྫོང་གི་ཀྲུང་གོའི་ཕྱག་ཕྲེང་གི་སྲིད་དོན་དྲ་བ་དངོས་སུ་ལེགས་འགྲུབ་བྱུང་བ།

        ཉེ་ལམ།“ཀྲུང་གོའི་ཕྱག་ཕྲེང་རྫོང་གི་སྲིད་དོན་དྲ་བ”(http://www.xcx.gov.cn/index)ཡི་གསར་སྒྱུར་རིམ་འཕར་གྱི་ལས་དོན་ལེགས་འགྲུབ་བྱུང་ཞིང་། ཆ་འཕྲིན་འགན་ནུས་ཀྱི་ནང་འཇུག་དང་བེད་སྤྱོད་ཀྱི་ནུས་པ་སླར་གསོ་བྱས།  དྲ་ཚུགས་འདིར་སྲིད་དོན་ཁྱབ་བསྒྲགས་དང་ལས་དོན་ཞབས་ཞུ། མང་ཚོགས་ཟབ་ཞུགས་སོགས་ཀྱི་ནང་དོན་མང་པོ་འདུས་ཤིང་། མིག་སྔར་ཕྱག་ཕྲེང་རྫོང་གིས་ནང་དོན་སོ་སོའི་ཆ་འཕྲིན་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད། 
        གསར་བསྒྱུར་བྱས་པའི་སྲིད་གཞུང་དྲ་ཚུགས་ཤར་གཏོང་བྱས་པ་ལས། ཕྱག་ཕྲེང་རྫོང་གི་འཛམ་གླིང་ལ་ཁ་ཕྱོགས་པ་དང་རྫོང་རང་གི་འཕེལ་འགྱུར་མངོན་པའི་སྒེའུ་ཁུང་གསར་པ་ཞིག་ཡོད་པར་གྱུར་བར་མ་ཟད། མང་ཚོགས་ལ་ཁ་ཕྱོགས་པ་དང་། ཏང་སྲིད་གཞུང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཟམ་ཡོད་པར་གྱུར་བ་རེད།  འདིར་གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་དང་ལས་དོན་གྱི་སྤྱོད་ཚུལ་ལེགས་བཅོས། རྒྱ་ཆེའི་དྲ་གྲོགས་ལ་ཞབས་ཞུ་བསྒྲུབ་པའི་དོན་སྙིང་ཆེན་པོ་ལྡན།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1