དཀར་མཛེས་ཁུལ་ཁམས་བྱང་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་དགའ་སྐྱིད་ངང་དགུན་གནང་རོལ་བ།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-24


    སྤྱི་ཟླ་2པའི་ཚེས་21ཉིན། གསར་འགོད་པས་ཁམས་བྱང་བྱིས་པའི་ཕན་བདེ་ཁང་དུ་བྱིས་པ་རྣམས་ཀྱིས་དགེ་རྒན་གྱི་ཟུར་ཁྲིད་འོག་ནན་ཏན་སྒོས་རི་མོ་དང་འཚེམ་བཟོ་ལག་རྩལ་སློབ་བཞིན་པ་མཐོང་།
    ཕན་བདེ་ཁང་གི་ཡོན་ཀྲང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། ང་ཚོས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྫོང་ཁག་བདུན་གྱི་བྱིས་པ་88བདག་སྐྱོང་བྱས་ཡོད་པ་དང་། བྱིས་པ་རྣམས་ཀྱིས་དགའ་སྐྱིད་ངང་དགུན་གནང་འདི་ཕལ་ལ་སྐྱེལ་ཆེད། ཕན་བདེ་ཁང་གི་ལས་གཉེར་བ་རྣམས་ཀྱིས་དང་བླངས་པ་གདན་འདྲེན་བྱས་ཏེ། སློབ་རའི་ནང་དུ་ཟབ་ཁྲིད་དང་སྤྲོ་བ་གསོ་སྐྱོང་བྱེད་པའི་སྤྱི་ཕན་རང་བཞིན་གྱི་འཛིན་གྲྭ་ཅིག་བཙུགས་པར་མ་ཟད། ལོ་ན་ཅུང་ཆེ་བའི་བྱིས་པ་ལ་དམིགས་ཏེ་འཚེམ་བཟོ་དང་ཐང་ག་འབྲི་བའི་ལག་རྩལ་སྦྱོང་བརྡར་བྱས། དེ་མིན། ཕན་བདེ་ཁང་གིས་ཆེད་དུ་ཕུན་སུམ་ཚོགས་པའི་རོལ་རྩེད་དང་རིག་གནས་ལུས་རྩལ་གྱི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་བྱིས་པ་རྣམས་ལ་ཁྱིམ་གཞིའི་ཆེན་པོ་འདིའི་བརྩེ་བ་དང་དྲོད་ཁོལ་མྱོང་དུ་བཅུག་པ་དང་མཉམ་དུ་། ཕྱིའི་འཁོར་ཡུག་གི་ངོ་མཚར་ལྟད་མོ་སོགས་རོལ་མྱོང་བྱེད་དུ་བཅུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1