འདབ་པ་དང་གསེར་ཐར་རྫོང་ལ2016ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་པའི་ཡོང་འབབ་འཕར་བའི་སྔོན་ཐོན་མཚན་སྙན་ཐོབ།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-24


        2016ལོར་རང་ཁུལ་གྱིས་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བའི་ལས་ཀར་རྫོང(གྲོང་ཁྱེར། ཆུས།)ཏང་ཨུའི་ཧྲུའུ་ཅི་དང་། རྫོང་(གྲོང་ཁྱེར། ཆུས།)གི་རྫོང་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྱོན་ཡོངས་ནས་ཞིང་སྡེའི་བཅོས་བསྒྱུར་ལས་ཀ་ཟབ་ཏུ་སྤེལ་བ། ནུས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་ཏེ། ཞིང་སྡེའི་ཐོན་ལས་གསར་པ་དང་ཐོན་ལས་ཀྱི་སྤྱོད་སྒོ་གསར་པ་གསོ་སྤེལ་བྱེད་གང་ཐུབ་བྱས་པ་དང་། ཞིང་པས་བྱེད་ཐབས་སྣ་མང་གི་སྒོ་ནས་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་སྔར་བས་རྒྱ་སྐྱེད་བཏང་སྟབས། ཞིང་པའི་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་ཇེ་མགྱོགས་སུ་ཕྱིན་པར་སྐུལ་འདེད་ནུས་ལྡན་བཏང་ནས་འཚོ་བའི་ཆུ་ཚད་མུ་མཐུད་ནས་མཐོར་རུ་ཕྱིན་པ་རེད། 
        ཉེ་ཆར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔོན་ཐོན་ལ་སྐུལ་མ་གཏོང་ཞིང་དཔེར་འོས་དྲིལ་བསྒྲགས་བྱེད་ཆེད། 2016ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བའི་ལས་ཀའི་སྔོན་ཐོན་རྫོང(གྲོང་ཁྱེར། ཆུས)35ལ་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་བྱས་པའི་ནང་རང་ཁུལ་གྱི་འདབ་པ་དང་གསེར་ཐར་རྫོང་གཉིས་ལ་གཟི་བརྗིད་ཀྱི་མཚན་སྙན་འདི་ཐོབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1