བརྒྱད་ཟིལ་རྫོང་གིས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

འབྲོག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-27


        ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་གིས་“གྲོང་གསེབ་ཡུལ་སྐོར+”ཡི་ཡུལ་སྐོར་དར་སྤེལ་དང་ཞིང་ཕྱུག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལག་བསྟར་བྱས། 
        གྲོང་གསེབ་ཡུལ་སྐོར་དང་གྲོང་གསར་འཛུགས་སྐྲུན་ནི། རང་རེའི་རྫོང་གི་སྤྱི་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་འཆར་འགོད་ལ་རྐང་འཛུགས་ནས། གྲོང་གསར་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་ཟུང་དུ་འབྲེལ་ཞིང་། དབྱིས་ཁྱིམ་གྱི་མཁར་གྲོང་དང་བོད་ཁུལ་གྱི་སྡོད་ཁང་གསར་པའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་། བོད་དབྱིས་རིག་གནས་དང་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་སྟེ། གཅིག་འགྱུར་གྱི་འཆར་འགོད་དང་ཉམས་འགྱུར་གསོ་སྐྱོང་བྱས་ནས། སྤྲོ་གསེང་ལྟ་སྐོར་གཞུང་ལམ་དང་ལྗོངས་གཟིགས་ངལ་གསོ་ཁང་། ཞིང་དུད་སྤྲོ་སྐྱིད་ཁང་སོགས་ཡུལ་སྐོར་རྒྱུ་རྐྱེན་ཆ་ཚང་ལེགས་པར་བསྒྲིགས་པར་མ་ཟད། ཞིང་དུད་གྱིས་སྡོད་དམངས་སྣེ་ལེན་ལ་གསར་སྐྲུན་ནམ་བཅོས་སྐྲུན་བྱས་པ་ལ་བསྔགས་སྐུལ་དང་དུད་ཚང་དབུལ་པོས་སྤྲོ་སེམས་ཆེན་པོས་“ཡུལ་སྐོར་གྲོང་གསར”གྱི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་བྱེད་པར་སྐུལ་སློང་བྱ་དགོས།། 

   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1