ལྕགས་ཟམ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ཁག་དང་པོའི་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་གི་བྱ་དགའ་ཐོབ།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-27


        མིག་སྔར། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི《ཟས་རིགས་བདེ་འཇགས་ཀྱི་དཔེ་མཚོན་རྫོང་གཏན་ཁེལ་བྱས་པའི་སྐོར་གྱི་བརྡ་ཐོ།》ནང་ལྕགས་ཟམ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ཁག་དང་པོའི་ཟས་རིགས་བདེ་འཇགས་དཔེ་མཚོན་རྫོང་གི་མཚན་སྙན་སྣང་ལ། ལྕགས་ཟམ་རྫོང་ནི་དཀར་མཛེས་ཁུལ་གྱི་ཐོག་མའི་གཟི་བརྗིད་མཚན་སྙན་ཐོབ་པའི་རྫོང་དུ་གྱུར་བ་རེད།
        ཤེས་གསལ་བྱུང་བ་ལྟར་ན། སྤྱི་ལོ་2013ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཟས་རིགས་སྨན་རྫས་ལྟ་ཞིབ་དོ་དམ་ལམ་ལུགས་བཅོས་བསྒྱུར་གྱི་དུས་འཁོར་གསར་པ་ཞིག་སྤེལ། 2015ལོའི་ཟླ་5པར་ཞིང་ཆེན་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས《སི་ཁྲོན་ཞིང་ཆེན་གྱིས་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་བཏོད་པའི་བྱེད་སྒོའི་ཇུས་གཞི་པར་འགྲེམས་བྱེད་པའི་སྐོར་ཀྱི་བརྡ་ཐོ།》ཡིས་ཆོད་དོན་ལྟར་ཡོངས་ཁྱབ་གསར་འཛུགས་དང་གཙོ་གནད་སྐྱེད་སྲིང་བྱེད་པའི་རྩ་དོན་གཏན་ཁེལ་བྱས་ཤིང་།ཞིང་ཆེན་ཡོངས་ཀྱི་རྫོང་ཁག་31གཅིག་སྡུད་བྱས་ཏེ་ཟས་རིགས་བདེ་འཇགས་ཀྱི་ཐོག་མའི་དཔེ་སྟོན་བཏོད་པའི་བྱེད་སྒོ་སྤེལ། རང་རེའི་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་དེའི་གྲལ་དུ་ཡོད་ཚུད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1