ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་ཁྲེན་ཏུའུ་རུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28


        སྤྱི་ཟླ་2པའི་ཚེས་27ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་ཁྲེན་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་གནང་།
        ཚོགས་ཐོག་ཏུ་སྤྱི་ལོ2016ལོར་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་ཀའི་ལོ་ཧྲིལ་བོའི་དཔྱད་ཞིབ་དང་ཕྱོགས་གསུམ་པའི་དཔྱད་དཔོག  ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཙོའི་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ཁྲིམས་ལྟར་སྲིད་འཛིན་འཛུགས་སྐྲུན་དང་ཁྲིམས་ལྟར་སྲིད་གཞུང་སྐྱོང་བར་སྐུལ་འདེད་གཏོང་བའི་སྐོར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མི་རིགས་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་ཁྱབ་སྤེལ་གཏོང་པའི་སྐོར། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་སྤྱི་ཚོགས་བཅོས་སྐྱོང་དང་ཁྲིམས་འཛིན་དྲང་བཞག་ཡོང་བར་སྐུལ་འདེད་གཏོང་བའི་སྐོར། ཁྲིམས་འཛིན་ཐིང་གིས་ཁྲིམས་ལུགས་གནས་བདུན་དུ་སྐྱེལ་བ་དང་ཁྲིམས་ལུགས་རོགས་སྐྱོར་ཁྱབ་སྤེལ་བྱེད་པ་སོགས་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གསན། དེ་མིན་ད་དུང་སྤྱི་ལོ་2017ལོར་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1