༄༅།། ལོ་གསར་རིང་ཆང་མི་འཕྲོད་པ་སེལ་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28


        བོད་ཀྱི་ལོ་གསར་རིང་ནང་མི་སྤུན་མཆེད་དང་གྲོགས་པོ་དགའ་འཛོམས་བྱེད་སྐབས། མི་མང་པོ་ཞིག་གིས་ཕན་ཚུན་ཆང་རག་བཀྱག་རེས་བྱས་ནས་དགའ་བདེའི་དཔལ་ལ་རོལ་གྱི་ཡོད། ཡིན་ནའང་མི་འགའ་ཞིག་ལ་ཆང་རག་བཏུངས་རྗེས་མི་འཕྲོད་པའི་སྣང་ཚུལ་ཐོན་གྱི་ཡོད། བོད་ཀྱི་སྐད་འཕྲིན་གཡུ་ཐོག་གླེང་སྟེགས་ནང་དུ་འཁོད་པ་ལྟར་ན། ཆང་མི་འཕྲོད་པ་བྱུང་ཚེ་ཆུ་གྲང་མོས་མགོ་བོ་བཀྲུ་བ་དང་ཆུ་ཁོལ་མང་ཙམ་བཏུང་དགོས། དང་ག་ཕྱེ་བ་དང་ལུས་ལ་འཕྲོད་པའི་ཟས་སྐོམ་བསྟེན་དགོས་པ། ཚལ་རིགས་མང་ཙམ་ཟ་བ། སྤྱོད་ལམ་བསིལ་བའི་གནས་སུ་འཆམ་འཆམ་མང་ཙམ་བྱེད་དགོས་པ། གཞན་ཡང་ཆང་ནད་ཆང་གིས་སེལ་ཞེས་པའི་དཔེ་ལྟར་ཆང་ཉུང་ཙམ་ཞིག་བསྟེན་ཀྱང་ཕན་ནོ། ། 
        སྔོན་འགོག་བྱེད་ཐབས་ནི་ཆང་རག་ཚོད་རན་པོ་བསྟེན་རྒྱུ། རིགས་འདྲ་མིན་གྱི་ཆང་རག་མཉམ་དུ་བསྟེན་རྒྱུ་མེད་པ། དེ་བཞིན་ལྟོགས་པར་ཆང་རག་མི་འཐུང་ལ་ཆང་རག་མ་འཐུང་བའི་སྔོན་དུ་དཀར་པོ་དྲུག་སྦྱོར་དང་གྲུབ་རིལ། ཞི་གསེར། ཟླ་བདུད་སོགས་ཀྱི་གཉེན་པོ་འོས་འཚམས་རེ་བསྟེན་ནའང་ཆང་མི་འཕྲོད་པ་སྔོན་འགོག་ཐུབ་པ་ཡིན་ནོ།།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1