ཧྥ་རན་སིའི་སྲིད་འཛིན་ཟུར་པ་ས་ཁོ་ཆི་རུལ་སུངས་དོགས་གཞི་ཡོད་རྐྱེན་བཀག་ཉར་བྱས་རྗེས་གློད་བཀྲོལ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03


2014ལོའི་ཟླ་བ་7པའི་ཚེས་2ཉིན། ཧྥ་རན་སིའི་སྲིད་འཛིན་ཟུར་པ་ས་ཁོ་ཆི་ཕེ་རིས་ཟ་ཁང་ཞིག་ཏུ་གསར་འགོད་པ་མང་པོ་དང་འཕྲད། བསྒྲགས་པའི་གནས་ཚུལ་ལྟར་ན།  ཉེན་རྟོག་ཕྱོགས་ཀྱིས་ས་ཁོ་ཆི་ཆུ་ཚོད་བཅོ་ལྔའི་རིང་ལ་བཀག་ཉར་བྱས་རྗེས། ཟླ་7པའི་ཚེས་2ཉིན་གྱི་ཕྱི་དྲོར་གློད་བཀྲོལ་ཐོབ་རྗེས་ཁོ་རང་གི་གཞུང་ལས་ཁང་དུ་ལོག་ནས་རྗེས་ཕྱོགས་སུ་རྒོལ་ལན་སྤྲད་པར་གྲྭ་སྒྲིག་བྱེད་འགོ་འཛུགས། ཚེས་2ཀྱི་ཕྱི་དྲོར། ཧྥ་རན་སིའི་སྲིད་འཛིན་ཨའོ་ལེ་དེས་ས་ཁོ་ཆི་རུལ་སུངས་དོགས་གཞི་ཡོད་རྐྱེན་ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་པའི་དོན་རྐྱེན་ལ་འབོད་སྐུལ་བྱས་དོན།  ཁྲིམས་སྲིད་ཀྱི་རང་ཚུགས་ཀྱི་རང་བཞིན་དང་ཉེས་མེད་འདེད་གཅོད་ལ་བརྩི་སྲུང་བྱེད་དགོས་པར་བསྟན། འདི་ནི་ཧྥ་རན་སིའི་ལོ་རྒྱུས་ཐོག་གི་སྲིད་འཛིན་ཟུར་པ་རུལ་སུངས་དོགས་གཞི་ཡོད་རྐྱེན་ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་པ་ཐོག་མ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1