རྔ་བ་རྫོང་གིས་སྐབས་དང་པོའི་པར་ལེན་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-01


        ཉེ་ལམ། ཀྲུང་གོ་རྔ་བ་རྫོང་གི་སྐབས་དང་པོའི་པར་ལེན་འགྲན་ཚོགས་ཀྱི་བྱ་དགའ་གནང་བའི་མཛད་སྒོ་ཁྲེན་ཏུའུ་རུ་འཚོགས། ཐེངས་འདིའི་པར་ལེན་འགྲན་བསྡུར་ནི་སྤྱི་ཟླ་དང་པོ་ནས་སྤེལ་འགོ་ཚུགས་ཤིང་སྤྱི་ཟླ་བཅུ་གཉིས་པར་མཇུག་སྒྲིལ། ཁྱོན་བསྡོམས་རྔ་བ་རྫོང་གི་རང་བྱུང་མཛེས་ལྗོངས་དང་ཡུལ་སྐོར་གོམས་གཤིས། ཆོས་ལུགས་རིག་གནས་མཚོན་པའི་པར་རིས་2025འབྱོར་ཞིང་དེ་དག་ལས་དྲང་བདེན་གྱིས་དཔྱད་འདེམས་བྱས་མཐར་རྩེར་སོན་གྱི་པར་རིས་འགའ་ལ་བྱ་དགའ་ཐོབ་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1