རང་རེའི་ཞིང་ཆེན་དང་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-01


        སྤྱི་ཟླ་2པའི་ཚེས་28ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཚོགས་པའི་ཀུང་སི་གཉིས་ཀྱིས་ཁྲེན་ཏུའུ་ནས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། གྲོས་མཐུན་ཡི་གེ་གཞིར་བཟུང་། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཁྲེན་ཏུའུ་ཁྲོམ་རའི་ཐོན་ཁུངས་ཐད་མ་དངུལ་གཏོང་འཇོག་བྱེད་ཚད་ཆེ་རུ་བཏང་ནས། 2020ལོར་སླེབས་སྐབས་ཁྲེན་ཏུའུ་ཡི་གནམ་གྲུ་ཐང་ཏུ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་40ལས་བརྒལ་བར་བྱ་རྒྱུ་དང་། དེ་མིན་ལྷོ་ཕྱོགས་མཁའ་འགྲུལ་གྱིས་ད་དུང་མི་ཤུགས་ཐོན་ཁུངས་དང་མ་དངུལ་བཀོད་སྒྲིག  རྨང་གཞིའི་འཛུགས་སྐྲུན་སོགས་ཕྱོགས་སུ་སྔོན་ལ་སི་ཁྲོན་གྱི་ཡན་ལག་ཀུང་སིར་ཁེ་ཕན་བསྐྲུན་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1