བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་གྲགས་ཅན་གྱི་ཡིག་ཚགས་ཞེས་པའི་གཟིགས་འབུལ་འགྲེམས་སྤེལ་མཛད་སྒོ་ལྷ་སར་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས། སྤེལ་དུས། 03-01


        ཉེ་དུས།  བོད་བརྒྱུད་ནང་བསྟན་བྱ་བའི་དོ་དམ་ལས་དོན་མི་སྣའི་གོ་ཆོད་རྒྱུན་ཤེས་ཀྱི་མུ་འབྲེལ་དཔེ་ཚོགས་གཉིས་པ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གྲགས་ཅན་གྱི་ཡིག་ཚགས་ཀྱི་གཟིགས་འབུལ་འགྲེམས་སྤེལ་མཛད་སྒོ་ལྷ་སར་འཚོགས་པ་རེད། 
ལྗོངས་ཏང་ཨུའི་རྒྱུན་ཨུ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཞི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་བསྟན་གོ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་བསོད་ནམས་རིག་འཛིན་རྣམ་གཉིས་ཚོགས་འདུར་ཕེབས། དེབ་དེའི་རྩོམ་སྒྲིག་འགན་ཁུར་བ་གཙོ་བོ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན།  མུ་འབྲེལ་དཔེ་ཚོགས་དེར་ཁྱོན་དེབ་དྲུག་ཡོད་དེ་དོན་སྙིང་ཟབ་ཅིང་གོ་སླ་བ་དང་།  པར་རིས་མཉམ་འགོད་སོགས་བོད་རྒྱ་ཤན་སྦྱར་གྱི་རྣམ་པའི་ཐོག་ནས་རྩོམ་འབྲི་བྱས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1