གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༠༤ཉིན།

སྐབས་བཞི་པའི་ཀྲུང་གོའི་སྙན་ངག་དུས་ཆེན་སི་ཁྲོན་མན་དབྱང་དུ་འཚོག་རྒྱུ།

སྤྱི་ཟླ་6པའི་ཚེས་30ཉིན་ལ།  སྐབས་བཞི་པའི་སྙན་ངག་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་པེ་ཅིང་མཛའ་མཐུན་མགྲོན་ཁང་ནས་གཟབ་རྒྱས་ངང་འཚོགས།

    ཐེངས་འདིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རུ། རིག་གནས་པུའུ་སྒྱུ་རྩལ་སུའི་འགོ་འཛིན་ཀྲུའུ་ཏི་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་འཛིན་ཧུའུ་དབྱིན་ཧུང་། རིག་གནས་པུའུ་གཞུང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཧྥ་ཧྥུན།   མན་དབྱང་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཅིང་ཏ་ཀྲུང་།  མན་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཁྱབ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲང་ཧུའུ་ཁོ།  མན་དབྱང་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཁང་གི་འགོ་འཛིན་མ་ཙུང་ཧྲུན།  མན་དབྱང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མ་ཕེ་སུང་སོགས་འབྲེལ་ཡོད་འགོ་ཁྲིད་དང་གདན་ཞུས་སྐུ་མགྲོན། རྒྱལ་ཡོངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་གསར་འགོད་པ་སོགས་མི་100ལྷག་ཞུགས།

 2014ལོའི་ཟླ་7པའི་ཚེས་15ཉིན་གྱི་དགོང་མོ་མན་དབྱང་གྲོང་ཁྱེར་ནས་སྐབས་བཞི་པའི་ཀྲུང་གོའི་སྙན་ངག་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་དང་སྙན་ངག་རིག་རྩལ་དགོང་ཚོགས་འཚོག་རྒྱུ།  2014ལོའི་ཟླ་7པའི་ཚེས་19ཉིན་གྱི་དགོང་མོར་མཇུག་སྒྲིལ་མཛད་སྒོ་དང་སྙན་ངག་ཞབས་བྲོ་ཆེ་གྲས་《རྒྱ་ཆེ་བའི་སི་ཁྲོན།》འཁྲབ་སྟོན་བྱ་རྒྱུ།  སྙན་ངག་དུས་ཆེན་སྐབས་སུ་སྙན་ངག་བགྲོ་གླེང་དང་།  སྙན་ངག་ཆེད་འཁྲབ།  སྙན་ངག་རིག་གནས་བཅས་བརྗོད་བྱ་གཙོ་བོ་བྱེད་པའི་སློང་གླིང་སྙན་ངག་གི་བྱེད་སྒོ་དང་སྙན་ངག་གི་ཉམས་འགྱུར་བརྗེ་རེས་སོགས་རིམ་བཞིན་བྱེད་སྒོ་སྣ་མང་སྤེལ་རྒྱུ་རེད།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1