ལོ་ཆུང་རྐྱང་ཁ་དཀར་རང་བྱུང་སྲུང་སྐྱོང་ཁུལ་དང་བྱེད་ནུས་ཁུལ་ལ་ཆོག་མཆན་ཐོབ་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-03


        ཉེ་ཆར།  སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་དཀར་མཛེས་ཁུལ་གསེར་ཤུལ་རྫོང་ལོ་ཆུང་རྐྱང་ཁ་དཀར་རང་བྱུང་སྲུང་སྐྱོབ་ཁུལ་དང་བྱེད་ནུས་ཁུལ་དབྱེ་འབྱེད་བྱས།
        ལོ་ཆུང་རྐྱང་ཁ་དཀར་རང་བྱུང་སྲུང་སྐྱོང་ཁུལ་ནི་1995ལོར་བཙུགས་པ་དང་1997ལོར་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྤོར།  ཆོག་མཆན་གྱི་ནང་དོན་ལྟར་ན།  ལོ་ཆུང་རྐྱང་ཁ་དཀར་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ནི་ཀུང་ཆིང་155350ཡོད་ལ། ཞིང་ཆེན་ནགས་ལས་ཐིན་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཆོག་མཆན་ཐོབ་པའི་བྱེད་ནུས་ཁུལ་དུ་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་རྩ་འཛུགས་ནས་འབྲེལ་ཡོད་ལས་ཀ་ལེགས་བསྒྲུབས་བྱ་དགོས་ལ། ཚན་རིག་དང་མཐུན་པའི་དོ་དམ་ཏན་ཏིག་བྱས་ཏེ་རྐྱང་ཁ་དཀར་དང་རྩ་ཆེན་བའི་སྲོག་ཆགས་སྲོང་སྐྱོང་བྱ་དགོས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1