གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༠༦ཉིན།

བྱ་སྤྱོད་ཆེན་མོ་བཅུས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དུ་གྱུར་བར་སྐུལ་འདེད་གཏང་དགོས།

        སྐབས་54པའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཉིན་མོ་སླེབས་གྲབས་ཡོད་པའི་སྐབས་འདིར། ཞིང་ཆེན་རིག་གནས་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ཉིན་འགའི་སྔོན་དུ《ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་བ་གཏིང་གཟབ་དུ་སྤེལ་བའི་སྐོར་གྱི་བརྡ་ཐོ།》ཁྱབ་བསྒྲགས་བྱས།《བརྡ་ཐོ།》ལས་དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པ་དང་། རྩ་འཛུགས་འཕེལ་རྒྱས་གཏོང་བ། རྩ་འཛུགས་གསོ་སྦྱོང་བྱེད་པ། བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ། དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། དྲིལ་བསྒྲགས་སྟེགས་བུ་བསྐྲུན་པ། ཚོང་རྟགས་གྲགས་ཅན་གྱི་རྣམ་གྲངས་བསྐྲུན་པ། འདུས་སྡེའི་དང་བླངས་ཞབས་ཞུའི་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར་བ། ཆ་འཕྲིན་ཅན་གྱི་སྟེགས་བུ་བསྐྲུན་པ། འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་པ་སོགས་ཕྱོགས་བཅུའི་ཐད་ནས་2017ལོའི་རང་རེའི་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཆེན་མོ་བཅུ་སྤེལ་ཏེ། དོན་དངོས་ཐོག་རང་རེའི་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་བྱ་བ་རྒྱུན་རྣམ་ཅན་དུ་གྱུར་བར་སྐུལ་འདེད་གཏང་རྒྱུ་རེད།
        《བརྡ་ཐོ།》ལས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་དང་བླངས་ཞབས་ཞུ་གཉིས་ཟུང་འབྲེལ་བྱས་ཏེ། ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པར་དུས་རབས་ཀྱི་བརྗོད་སྙིང་གསར་བ་སྤྲད་ནས། མུ་མཐུད་དུ་དང་བླངས་ཞབས་ཞུའི་རི་ཁག་སྟོབས་ལྡན་ཅིག་འཛུགས་པ་དང་། དང་བླངས་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་ཚོང་རྟགས་གྲགས་ཅན་འཛུགས་བསྐྲུན་དང་གསོ་སྐྱོང་བྱས་ཏེ། ཧུར་ཐག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་གྱུར་བར་སྐུལ་འདེད་དང་། སྤྱི་ཚོགས་དཔལ་ཡོན་ཡར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན།
        2016ལོར་རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་དང་དཔལ་འབྱོར་དཀའ་སེལ་གྲོལ། རྒན་གསོ། དྭ་ཕྲུག་གཉོར་སྐྱོང་། ཁྲག་ནད། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར། སྨན་བཅོས་རོགས་སྐྱོར། རྒུད་སྐྱོབ། སློབ་གསོའི་་རོགས་སྐྱོར་སོགས་ཕྱོགས་སུ་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཆེར་སྤེལ་ནས། དང་བླངས་ཞབས་ཞུ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ལེགས་པོ་ཞིག་ཆགས་པ་རེད། ས་ཁུལ་ཁག་ཆེན་མོ་བཞི་ཡི་གནད་འཕིགས་དབུལ་སྐྱོར་གྱི་རྫོང་88རུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་གཅེས་སེམས་མནའ་འབྲེལ་བཙུགས་ནས། གཅིག་གིས་གཅིག་དང་མང་པོའི་གཅིག་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཆགས་སུ་བཅུག་ཐོག  རིམ་བཞིན་དབུལ་ཕོངས་ས་ཁུལ་དུ་དབུལ་སྐྱོར་བྱེད་པ་དང་ཁྱིམ་མཚེས་ཕན་ཚུན་བར་རོགས་རེས་བྱེད་པའི་སྟེགས་བུ་འཛུགས་དགོས། དེ་མིན་རྫོང་རེ་རེའི་ཟླ་རེར་དང་བླངས་ཞབས་ཞུ་བྱེད་པ་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་ཐེངས་བརྒྱད་ཀྱི་ཡན་སྤེལ་ནས། ལོ་ཧྲིལ་བོར་ཁྱོན་བསྡོམས་དང་བླངས་ཞབས་ཞུའི་རི་ཁག་6559དང་དང་བླངས་བ་མི་ཁྲི་200ལྷག་འདུས་སྡེ་དང་གྲོང་གསེབ་རུ་ཟབ་ཞུགས་བྱས་ནས་གསོ་སྐྱོང་བྱེད་མཁན་མེད་པའི་རྒན་པ་དང་། གཞིས་སྲུང་བྱིས་པ། དབང་བོ་སྐྱོན་ཅན་གྱི་མི་དང་དབུལ་ཕོངས་མང་ཚོགས་བཅས་ཁྱོན་བསྡོམས་མི་ཁྲི་སྟོང་ལྷག་ལ་རོགས་སྐྱོར་བྱས།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1