ཁུལ་ཡོངས་ཀྱི་ཞིང་འབྲོག་དང་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-06


      

         སྤྱི་ཟླ་3པའི་ཚེས་2ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་ཡོངས་ཀྱི་ཞིང་འབྲོག་དང་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས།   ཚོགས་འདུའི་སྟེང་2016ལོའི་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་དོན་ཕྱོགས་བསྡོམས་དང་ད་ལོའི་ལས་དོན་བཀོད་སྒྲིག་བྱས།  

        དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད།  ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཞིང་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུའུ་ཏ་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།   
        ཚོགས་འདུའི་སྟེང་། ན་ནིང་དཀར་མཛེས་ཁུལ་ཡོངས་ཀྱི་ཞིང་འབྲོག་སྡེ་ཁག་གིས་གྲུབ་ཆ་ལེགས་སྒྲིག་དང་མཁོ་སྤྲོད་འགན་ལེན།  ཡོང་འབབ་འཕར་སྣོན་དང་དབུལ་སྒྲོལ་རོགས་སྐྱོར་བཅས་ལས་དོན་གཙོ་བོར་བཟུང་ནས་ཤུགས་ཆེན་པོས་དེང་རབས་ཅན་གྱི་མཐོ་སྒང་ཁྱད་ལྡན་སྣོད་བཅུད་ཞིང་འབྲོག་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་ཀྱི་རྣམ་པ་བརྟན་པོ་ཡིན་པ་དང་ཐོན་ལས་མ་ལག་མགྱོགས་མྱུར་ངང་ལེགས་སྒྲིག་བྱས།  ཐོན་ལས་རྟེན་གཞི་རྨང་གཞི་བཏིངས་པ་དང་ཐོན་ལས་གྱི་དབུལ་སྐྱོར་ལ་གྲུབ་འབྲས་ཐོབ། གཉེར་སྐྱོང་རྒྱུན་མཐུད་རྒྱ་སྐྱེད་དང་གྲོང་གསེབ་ཀྱི་སྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་བཏང་། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་བྱུང་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བརྟེན་པོར་འཕེལ་རྒྱས་བྱུང་སྟེ་དབུལ་སྒྲོལ་འབྱོར་འབྲིང་ལ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིངས་ཞེས་བསྟན།
        ཚོགས་འདུའི་སྟེང་2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བཀོད་སྒྲིག་དང་དབུལ་བྲལ་འགག་སྒྲོལ་གྱི་གལ་ཆེའི་ལོ་ཞིག་ཡིན་པ་མ་ཟད་ཞིང་ལས་ཀྱི་གྲུབ་ཆ་བཅོས་སྒྱུར་གཏིང་ཟབ་བྱས་པའི་ལོ་ཞིག་ཀྱང་ཡིན། དཀར་མཛེས་ཁུལ་དང་རྫོང་གི་ཞིང་འབྲོག་སྡེ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི་མཛུབ་ཁྲིད་འོག་ཐོན་ལས་འཕེལ་རྒྱས་སྒོས་འོག་དབུལ་སྒྲོལ་པ་དང་ཚན་རྩལ་གྱི་ཞབས་ཞུ་ཁྱིམ་ཚང་སོ་སོར་བསྐྱལ་བ། དཔེ་སྟོན་གྱི་རྩ་དོན་དམ་འཛིན་བྱེད་པ་དང་གཅིག་རྒྱུད་གཅིག་ལམ་གཅིག་གི་བར་ཁྱམས་ཀྱི་སྤྱིའི་ས་ཁོངས་བཀོད་སྒྲིག་གི་ཚད་གཞི་འོག་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་ཐོན་ལས་འདེབས་གསོའི་འགག་གནད་དུ་བཟུང་ནས་སྤུས་ལེགས་ཅན་གྱི་ཐོན་རྫས་ཁག་ཁྱབ་གདལ་དང་སྔོན་ཐོན་གྱི་ཚན་རྩལ་ཁག་གཅིག་བསྡུས་བྱ་དགོས། དཔེ་སྟོན་རྟེན་གཞི་ཁག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དཔེ་མཚོན་ཁག་བཞེངས་བསྐྲུན། ཁུལ་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཞིང་འབྲོག་མང་ཚོགས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་གྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱ་དགོས་ཞེས་བསྟན།།
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1