གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༠༦ཉིན།

སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་གཅིག་བསྡུས་སྒོས་སྲིད་གཞུང་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས།

        སྤྱི་ཟླ་3པའི་ཚེས་5ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་སི་ཁྲོན་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་གཅིག་བསྡུས་ངང་སྲིད་གཞུང་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཆེའེ་པའོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱི་ལི་བཅས་གྲོས་ཞིབ་ནང་ཞུགས་པ་མ་ཟད་གཏམ་བཤད་ཀྱང་གནང་།
        ཚོགས་ཆེན་གྱི་དྲུང་ཡིག་ཁང་གིས་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོས་ལྟར་དུ། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲིན་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཝེ། མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། སྙན་ཞུའི་མ་ཡིག་འབྲི་མཁན་ཚན་ཆུང་དང་རྒྱལ་ཡོངས་དམངས་ཆེན་ནོར་དཔལ་ཨུ་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་དང་བཅས་པ་ཚོགས་ཐོག་ཏུ་ཞུགས་ནས་གྲོས་ཞིབ་བསམ་འཆར་ལ་མཉན་པ་མ་ཟད། འཐུས་མིས་བཏོན་པའི་འབྲེལ་ཡོད་བསམ་འཆར་དང་གྲོས་གཞིར་ལན་བཏབ་པ་རེད།
        ལིའུ་ཆི་པའོ་ཡིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་འགོ་ཚུགས་པའི་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གི་ལོ་གཅིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྨང་གཞི་བསྐྲུན་པའི་དུས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོའི་ཏང་གིས་ཚོགས་ཆེན་བཅུ་དགུ་པ་འཚོགས་རྒྱུ་རེད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་ཚོགས་ཐུབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་ལས་ཀ་ཁག་བཀོད་སྒྲིག་བྱེད་ཐུབ་ན་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་ནོ།།
        ཝང་ཏུང་མིང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུས་ནན་ཏན་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་ལེན་མཐར་ཕྱིན་དུ་བསྟར་བ་དང་། གྲུབ་འབྲས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལས་ཀར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ལ། བརྗོད་བྱ་མངོན་གསལ་དང་ནང་དོན་ཆ་ཚང་། ཐབས་ཤེས་ཞིབ་ཕྲ་ཡིན་པས། ཚན་རིག་དང་མཐུན་པའི་སྒོ་ནས་དངོས་དོན་གཉེར་བ་དང་། གོང་བུར་གཅིག་ཏུ་སྒྲིལ་ཞིང་མི་སེམས་ལ་ཡར་སྐུལ་བྱེད་པའི་སྙན་ཞུ་ཞིག་ཡིན། དེ་ལ་ང་ཡང་རྩ་བ་ནས་འཐད་པ་ཡིན། ཚོགས་ཆེན་ཐོག་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་རྗེས། ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས། ཧུར་ཐག་སྒོས་སི་ཁྲོན་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་སྔར་ལས་ལེགས་པར་བསྒྲུབས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས་ཞེས་བསྟན།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1