རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་པར་རིས་བདམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-07


སྤྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་རེད། 

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་བཀྲ་ཤིས་དབྱངས་ཅན་གྱིས་རང་ཉིད་ཀྱི་ཕ་ཡུལ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་ཟུང་འབྲེལ་གྱིས་མྱོང་ཚོར་གླེང་བཞིན་པ།


ཚོགས་ཆེན་འགོ་མ་ཚུགས་གོང་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་བུད་མེད་འཐུས་མི་བཞི་ཡིས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་འདྲ་པར་རྒྱག་བཞིན་པ།


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་བཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་འཇིགས་མེད་རྣམ་རྒྱལ་(གཡས)གྱིས་ཚོགས་ཆུང་ཁག་བགོས་གྲོས་བསྡུར་གྱི་བར་གསེང་དུ་སྨྱན་སྦྱོར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་པའི་བོད་ལྗོངས་ཀྱི་ཨུ་ཡོན་ཚོས་ཕན་ཚུན་སྤེལ་རེས་གནང་བཞིན་པ།


སྤྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོར་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་རླངས་འཁོར་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྐྱོད་བཞིན་པ།

 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1