དཔལ་ཡུལ་རྫོང་གནས་གཤིས་ཅུས་ཀྱི་གནམ་གཤིས་དེང་རབས་ཅན་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        ཉེ་ལམ། དཔལ་ཡུལ་རྫོང་གནམ་གཤིས་ཅུས་ཀྱིས་གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་ཀའི་གྲོས་ཚོགས་འཚོགས་ཏེ་སྤྱི་ལོ་2017ལོའི་གནམ་གཤིས་དེང་རབས་ཅན་གྱི་འཛུགས་སྐྲུན་ལས་ཀ་བཀོད་སྒྲིག་བྱས། དེང་རབས་ཅན་འཛུགས་སྐྲུན་སྐུལ་སྤེལ་ལས་ཀའི་ཚན་ཆུང་རྩ་འཛུགས་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་གནམ་གཤིས་ཅུས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འོས་འགན་བླང་བྱ་ལྟར། གོམ་གང་མདུན་སྤོས་སྒོས་ཞིབ་ཕྲའི་བྱེད་ཐབས་གསལ་ཐག་ཆོད་པར་བྱས། གྲོས་ཚོགས་སྟེང་འབྲེལ་ཡོད་ཤེས་ལྡན་མི་སྣའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་གནམ་གཤིས་རྒྱང་བརྟེན་སློབ་གསོའི་ཟབ་སྦྱོང་སྟེགས་བུ་བཀོལ་སྤྱོད་བྱས་ཏེ་ལས་བཟོ་བའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་སུ་གཏང་དགོས་པར་མ་ཟད།  གནམ་གཤིས་གནོད་འགོག་གི་མཐུན་སྦྱོར་ཆེད་ལས་ལག་རྩལ་ནུས་པ་གོང་འཕེལ་དུ་བཏང་ནས་གནམ་གཤིས་མཐུན་སྦྱོར་མི་སྣ་དང་གནམ་གཤིས་བརྡ་འཕྲིན་མི་སྣ་གསོ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1