ཆུས་མུའུ་ཧྲི་ཧྭ་ཡིས་ཤིན་པའེ་གྲོང་ཁྱེར་གྱི་འགན་འཛིན་པ་ཀྲུའུ་ལི་ལིན་ལ་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


        སྤྱི་ཟླ3པའི་ཚེས7ཉིན། ཚོགས་པའི་སྣེ་ཁྲིད་དེ་ཐའེ་ཝན་དུ་སྐབས་བཞི་པའི་སི་ཁྲོན་དང་ཐའེ་ཝན་གཉིས་ཀྱི་ཞིང་ལས་མཉམ་ལས་ཀྱི་གླེང་སྟེགས་ཐོག་ཕེབས་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཁགྲོང་གསེབ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆུས་མུའུ་ཧྲི་ཧྭ་ཡིས་ཤིན་པའེ་གྲོང་ཁྱེར་གྱི་འགན་འཛིན་པ་ཀྲུའུ་ལི་ལིན་ལ་མཇལ་འཕྲད་གནང་།
        ཆུས་མུའུ་ཧྲི་ཧྭ་ཡིས་ཤིན་པའེ་གྲོང་ཁྱེར་གྱིས་སྐབས་བཞི་པའི་སི་ཁྲོན་དང་ཐའེ་ཝན་གྱི་ཞིང་ལས་མཉམ་ལས་བྱེད་པའི་གླེང་སྟེགས་ཚོགས་པའི་ཐད་དུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོང་གིས་སི་ཁྲོན་གྱིས་སི་ཁྲོན་དང་ཐའེ་ཝན་མཉམ་ལས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་སི་ཁྲོན་དང་ཐའེ་ཝན་གཉིས་ལ་ཞིང་ལས་མཉམ་ལས་ཀྱི་རྣམ་གྲངས་200ལྷག་ཡོད་པ་དང་། མ་དངུལ་གཏོང་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་20ལས་བརྒལ་བས། རིམ་པ་མང་བ་དང་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་རྣམ་པ་ལེགས་པོ་ཤིག་ཆགས་ཡོད་པ་རེད། ཐེངས་འདིར་གླེང་སྟེགས་བརྒྱུད་ནས་བགྲོ་གླེང་དང་དཔྱད་སྡུར་བྱས་པར་མ་ཟད། ད་དུང་ཡུལ་དངོས་ནས་ཐའེ་ཝན་གྱི་ཞིང་ལས་ཐོན་རྫས་གསར་པ་དང་རྒྱུན་ཚུལ་གསར་པ་ལག་ལེན་བྱས་ཏེ། ཧུར་ཐག་གིས་སི་ཁྲོན་དང་ཐའེ་ཝན་གཉིས་ཀྱིས་ཞིང་ལས་དང་གྲོང་གསེབ་ཏུ་ཟབ་འཇུག་བྱས་ནས་བགྲོ་གླེང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ཐོག རྒྱུན་ཆད་མེད་པར་ཐུན་མོང་ངང་འཕེལ་རྒྱས་ཕྱིན་པ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་བསྟན།
        ཀྲུའུ་ལི་ལིན་གྱིས་ཤིན་པའེ་གྲོང་ཁྱེར་ནི་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་དེ་ཡིན་ལ། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་མཐོ། སི་ཁྲོན་ནི་ས་གཤིན་ལེགས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་ཆེན་དང་ཞིང་ལས་རིགས་དར་ཆེ་བའི་ཞིང་ཆེན་ཆེ་ཤོས་དེ་ཡིན་པས། ཡུལ་ལྗོངས་ལྟ་ན་སྡུག་པ་དང་། སྐྱེས་ཆེན་གྱི་ཕ་གཞིས་ཡིན་པ་རེད། དེ་བས་ས་གནས་གཉིས་ཀྱིས་ཕན་ཚུན་མིག་དཔེ་དང་ལེགས་ཆ་གསབ་སྐོང་བྱས་ཏེ་གོམ་གང་མདུན་སྤོས་སྒོས་བགྲོ་གླེང་མཉམ་ལས་གཏིང་ཟབ་ཏུ་ཕྱིན་པར་ཡིད་ཆེས་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1