གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༠༨ཉིན།

རྟའུ་རྫོང་གིས་བུད་མེད་ཁེ་དབང་སྲུང་སྐྱོང་གི་གཟའ་འཁོར་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

       

        ཉེ་ཆར།  རྟའུ་རྫོང་གུང་གཞོན་ཚོགས་པ་དང་ཁྲིམས་འཛིན་ཅུས། བུད་མེད་དང་བྱིས་པའི་བདེ་སྲུང་ཁང་སོགས་ལས་ཁུངས་ཁག་གིས་མཉམ་འབྲེལ་སྒོས་གསུམ་བརྒྱད་བུད་མེད་དུས་ཆེན་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་གི་གཟའ་འཁོར་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

        བྱེད་སྒོའི་ཁྲོད་《རྩ་ཁྲིམས།   》དང་《བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས།》《འོས་འགན་སློབ་གསོའི་ཁྲིམས།》《ཁྱིམ་གྱི་དྲག་སྤྱོད་ལ་རྒོལ་བའི་བཅའ་ཁྲིམས།》《གཉེར་སྒྲིག་བཅའ་ཁྲིམས།  》སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པར་མ་ཟད། བཅའ་ཁྲིམས་ཀྱི་རྒྱུས་ཤེས་དང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ།  ཐོན་སྐྱེད་དང་འཚོ་བའི་ལག་རྩལ་སོགས་ཀྱི་ཀློག་དེབ་2000ལྷག་འགྲེམ་སྤེལ་བྱས། གཞན་མང་ཚོགས་བརྒྱ་ལྷག་ལ་རིན་མེད་སྒོས་ལུས་པོ་ཞིབ་བཤེར་བྱས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1