སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་སྙན་ཞུར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


        སྤྱི་ཟླ་3པའི་ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་སྟེ། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ལ་གྲོས་ཞིབ་བྱས། 
        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀུའོ་ཧྲེང་ཁུན་གྲོས་ཞིབ་ལ་ཟབ་ཞུགས་བྱས། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་འཐུས་མི་སོ་སོའི་སྲིད་གཞུང་བྱ་བའི་བསམ་འཆར་ལ་གསན་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱི་ལི་གྲོས་ཞིབ་ལ་ཞུགས། 
        ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་བཀོད་སྒྲིག་ལྟར་མི་ཤུགས་ཐོན་ཁོངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝེ་མིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན། ནོར་སྲིད་པུའུ། སྤྱི་བདེ་པུའུ། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ལྷན། སྔོན་རྩིས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་གྲོས་ཚོགས་སུ་ཞུགས་ཏེ་བསམ་འཆར་ལ་གསན། 
        ཀུའོ་ཧྲེང་ཁུན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནས་བབ་ལ་དབྱེ་ཞིབ་དང་ཁ་ཕྱོགས་གཏན་འབེབས། གཅིག་གྱུར་འཆར་འགོད་བྱས་ཏེ་གནས་ལྔ་གཞི་གཅིག་གི་སྤྱིའི་འཐབ་ཇུས་ལ་བཀོད་སྒྲིག་བྱས། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་པ་རེད། ད་ལོར་ང་ཚོའི་ཏང་གིས་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་རྒྱུ་ཡིན་པས་ད་ལོའི་ལས་ཀ་ལེགས་པོར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་པ་རེད། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པར་སློབ་སྦྱོང་བྱས་ཏེ་འདུ་ཤེས་བཞི་སྲ་བརྟན་དང་དར་ཆ་གསལ་བོར་བསྒྲེངས་ནས་ཆབ་སྲིད་གླེང་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུའི་འགོ་ཁྲིད་ལ་འགན་སྲུང་བྱ་དགོས། དུས་དང་རྣམ་པ་ཀུན་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་མཐུན་བྱ་དགོས། བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པའི་ལས་ཀ་སྤྱིའི་འཕེལ་འགྲོས་ཁོང་དུ་ཆུད་པར་བྱས་ནས་བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་དང་མཆོང་སྐྱོད་གཉིས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་འབྱོར་ཕྱུག་གི་འཆམ་མཐུན་སི་ཁྲོན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1