༄༅།། རྩོམ་དབང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་དུས་ཚད་ནི་ཅི་ལྟ་བུ་ཞིག་ཡིན།

མདོ་སྡེ་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


1.རྩོམ་པ་པོའི་མིང་འགོད་པའི་དབང་ཆ། དག་བཅོས་དབང་ཆ། བརྩམས་ཆོས་སྲུང་སྐྱོང་གི་ཆ་ཚང་དབང་ཆའི་སྲུང་སྐྱོང་དུས་ཚད་ལ་ཚད་བཀག་མེད།
2.སྤྱི་དམངས་བརྩམས་ཆོས་ཀྱི་རྩོམ་འགོད་དབང་ཆ་དང་བརྩམས་ཆོས་རྒྱུ་ནོར་དབང་ཆའི་སྲུང་སྐྱོང་དུས་ཚད་ནི་རྩོམ་པ་པོའི་མི་ཚེ་གཅིག་གམ་ཚེ་ལས་འདས་རྗེས་ཀྱི་ལོ50བར་ཡིན། དེ་ནི་རྩོམ་པ་པོ་ཚེ་ལས་འདས་རྗེས་ལོ50ལོངས་པའི་ཟླ12པའི་ཚེས31ཉིན་མཚམས་བཞག་པ་ཡིན། གལ་ཏེ་མཉམ་འབྲེལ་བརྩམས་ཆོས་ཡིན་ཚེ། རྩོམ་པ་པོས་ཆེས་མཐའ་མཇུག་གི་ཚེ་ལས་འདས་རྗེས་ཀྱི་ལོ50ལོངས་པའི་ཟླ12པའི་ཚེས31ཉིན་མཚམས་བཞག་པ་ཡིན།
3.གློག་བརྙན་བརྩམས་ཆོས་དང་དེའི་རིགས་འདྲ་བའི་པར་ལེན་བཟོ་སྐྲུན་གློག་བརྙན་གྱི་ཐབས་བཀོལ་ཏེ་གསར་རྩོམ་བྱས་པའི་བརྩམས་ཆོས། པར་རིགས་བརྩམས་ཆོས། ཁྲིམས་མིའམ་ཡང་ན་གཞན་པའི་རྩ་འཛུགས་ཀྱི་བརྩམས་ཆོས། བརྩམས་ཆོས་བདག་དབང་ཡོད་པའི(མིང་འགོད་དབང་ཆ་ཕུད)ཁྲིམས་མིའམ་ཡང་ན་གཞན་པའི་རྩ་འཛུགས་ལ་མངའ་བའི་ལས་འགན་བརྩམས་ཆོས་ཀྱི་རྩོམ་འགོད་དབང་ཆ། བརྩམས་ཆོས་རྒྱུ་ནོར་དབང་ཆའི་སྲུང་སྐྱོང་དུས་ཚད་ནི་ལོ50ཡིན། དེ་ནི་རྩོམ་པ་པོའི་ཐོག་མར་རྩོམ་བཀོད་རྗེས་ཀྱི་ལོ50ལོངས་པའི་ཟླ12པའི་ཚེས31ཉིན་མཚམས་བཞག་པ་ཡིན། འོན་ཀྱང་བརྩམས་ཆོས་གསར་རྩོམ་བྱས་ཚར་རྗེས་ལོ50ནང་གང་རུང་དུ་མ་བཀོད་ཚེ། རྩོམ་དབང་བཅའ་ཁྲིམས་ཀྱིས་དེར་སྲུང་སྐྱོང་བྱེད་པ་མིན།
4.རྩོམ་པ་པོའི་ཐོབ་ཐང་གསལ་བོ་མིན་པིའི་བརྩམས་ཆོས་ལ། རྩོམ་དབང་བཅའ་ཁྲིམས་ཀྱི་དོན་ཚན10པའི་ཚན་པ་དང་པོའི་ནང་ཚན5པ་ནས17པའི་གཏན་ཁེལ་གྱི་ཁེ་དབང་སྲུང་སྐྱོང་དུས་ཚད་ལོ་ནི་བརྩམས་ཆོས་ཐོག་མར་བཀོད་རྗེས་ཀྱི་ལོ50ལོངས་པའི་ཟླ12པའི་ཚེས31ཉིན་མཚམས་བཞག་པ་ཡིན། རྩོམ་པ་པོའི་ཐོབ་ཐང་གསལ་བོ་བྱས་ཚེ། དེར་བརྩམས་ཆོས་བདག་དབང་བཅའ་ཁྲིམས་ཀྱི་དོན་ཚན21པའི་གཏན་ཁེལ་སྤྱོད་དགོས།
5.རྩོམ་པ་པོ་ཚེ་ལས་མ་འདས་གོང་བརྩམས་ཆོས་མ་བཀོད་པ་ཡོད་ཚེ། གལ་ཏེ་རྩོམ་པ་པོས་རྩོམ་དེ་བཀོད་མིན་གསལ་བོ་བསྟན་མེད་ན། རྩོམ་པ་པོ་ཚེ་ལས་འདས་རྗེས་ཀྱི་ལོ50ནང་། དེའི་རྩོམ་བཀོད་དབང་ཆ་རྩོམ་པ་པོའི་ཤུལ་འཛིན་མིའམ་ཡང་ན་ཤུལ་ནོར་ལེན་མཁན་གྱིས་སྤྱོད་དགོས། ཤུལ་འཛིན་མིའམ་ཡང་ན་ཤུལ་ནོར་ལེན་མཁན་ཡང་མེད་ཚེ། བརྩམས་ཆོས་མ་ཡིག་དབང་མཁན་གྱིས་སྤྱོད་དགོས་སོ།།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1