ལི་ཁེ་ཆང་གིས་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་རིམ་པ་མཐོ་བའི་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11



རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་9ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་རིམ་པ་མཐོ་བའི་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ལ་མཇལ་འཕྲད་གནང་བ་མ་ཟད་བཞུགས་མོལ་མཛད། 

ལི་ཁེ་ཆང་གིས་གསུངས་རྒྱུར།   ཀྲུང་གོའི་དཔལ་འབྱོར་དེ་དུས་སྐབས་རིང་འབྲིང་དུ་འཕར་སྣོན་ཆེན་པོ་བྱུང་བ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ན།   ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་དགོས་ལ་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་སྤུས་ཚད་ཇེ་མཐོར་གཏོང་བ་དང་རིམ་པ་འཕར་བར་བྱེད་དགོས།   དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་དངུལ་ལོར་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར། 

ཧྥ་རན་སིའི་ཧྲི་ནེ་ཏི་གློག་ཆས་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་ཀྲའོ་གོ་ཧྭ་སོགས་ཁེ་ལས་པས་བཤད་རྒྱུར།   ཀྲུང་གོའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན།   རྒྱལ་ཁབ་བརྒལ་བའི་སྤྱི་གཉེར་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གསར་སྐྲུན་མཉམ་ལས་དང་མཉམ་འབྲེལ་སྒོས་ཞིབ་འཇུག་དང་ཐོན་སྐྱེད་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་།   ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་བསྒྱུར་ཞིང་རིམ་པ་འཕར་བ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།  


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1