དཀར་མཛེས་ཁུལ་གྱིས་ཆེས་ཐོག་མིའི་ཞིང་ལས་ནམ་ཟླའི་ལྟ་ཞིབ་ས་ཚིགས་བཙུགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-13


 

         ཉེ་ཆར། དཀར་མཛེས་ཁུལ་གྱིས་ཆེས་ཐོག་མིའི་DZZ5ཞིང་ལས་ནམ་ཟླའི་ལྟ་ཞིབ་ས་ཚིགས་ལྕགས་ཟམ་རྫོང་ཏུ་བཙུགས།  ས་ཚིགས་དེ་ཡིས་དྲོད་ཚད་དང་བརླན་སའི་་ཚད་རིམ།  དབུགས་གནོན་དང་ཆར་ཆུའི་འབབ་ཚད།  དེ་མིན་རླུང་འགྲོས་འོད་སྦྱོར་རྩིབས་འཕྲོ་བཅས་གནམ་གཤིས་གྱི་གྲུབ་ཆར་རང་འགུལ་ངང་རྟོག་དཔྱད་བྱེད་ཐུབ་ལ། རྟོག་དཔྱད་བྱེད་པའི་ཞོར་དུ་གཞི་གྲངས་དེ་ཁུལ་དང་རྫོང་སོ་སོའི་གནམ་གཤིས་ཅུས་སུ་སྤྲོད་པ་རེད།  

       གནམ་གཤིས་སྡེ་ཚན་ཁག་གིས་ཞིང་ལས་ནམ་ཟླའི་ལྟ་ཞིབ་ས་ཚིགས་ཀྱི་ཡིག་ཆ་གཞིར་བཟུང་ནས་གོམ་གང་མདུན་སྤོས་སྒོས་“ཞིང་གསུམ་”གྱི་གནམ་གཤིས་ཞབས་ཞུའི་གྲངས་མཛོད་ལྟེ་གནས་འཐུས་ཚང་གཏོང་པ་དང་ས་གནས་དེ་གའི་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་ལ་ཞབས་ཞུ་སྣ་མང་མཁོ་འདོན་བྱེད་ཐུབ་པ་རེད།།  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1