རུལ་སུངས་གཙང་སེལ་བྱེད་པར་སྙིང་རྗེ་གཏན་ནས་བྱ་རྒྱུ་མེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


    ཟླ་6ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཞུས་ཚའེ་ཧོའུ་སོགས་མི་བཞི་ཏང་གི་སྐྱིད་ སྡུག་ནས་འབུད་རྒྱུའི་ཆད་པ་བཅད་དེ་ལྐོག་རྔན་བླངས་ནས་ཉེས་པ་བསགས་པའི་དོགས་པ་ཡོད་པ་དེའི་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།   གཏན་འབེབས་དེའི་ཐོག་ནས་ཏང་ནན་སྐྱོང་དང་དམག་ནན་སྐྱོང་བྱེད་པའི་ཏང་ཀྲུང་དབྱང་གི་རྣམ་འགྱུར་གསལ་པོ་མཚོན་པ་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་རུལ་སུངས་པར་ཆད་པ་གཅོད་པའི་རང་རེའི་ཏང་གི་ཆོད་སེམས་བརྟན་པོ་གསལ་པོར་མཚོན་ཡོད། 

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་ སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་འཆི་གསོན་ཆགས་འཇིག་གི་མཐོ་ཚད་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད།  རུལ་སུངས་ཀྱི་སྣང་ཚུལ་རྒྱ་ཡན་དུ་གཏན་ནས་མི་གཏོང་བ་དང་།  རུལ་སུངས་བར་སྙིང་རྗེ་གཏན་ནས་མི་བྱེད་པ།  སྟག་སྦྲང་མཉམ་རྡུང་མཐའ་འཁྱོངས་བྱེད་པ།  མཐོ་རིམ་ལས་བྱེད་པ་ཚུད་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཞིབ་དཔྱོད་ནན་པོ་བྱེད་པ་བཅས་རང་རེའི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་ཆོད་སེམས་དང་རྣམ་འགྱུར་གསལ་པོའི་ཐོག་ནས་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོར་ཏང་ནན་པོ་སྐྱོང་རྒྱུ་ནི་འབོད་ཚིག་ཅིག་མིན་པ་དང་རུལ་སུངས་བར་ཆད་པ་གཅོད་སྐབས་དམིགས་བསལ་མེད་པ་དེ་གསལ་པོར་མཚོན་པར་བྱས་ཡོད།  མི་སུ་ཞིག་ཡིན་ཡང་དབང་ཆ་ཆེ་ཆུང་དང་གོ་གནས་མཐོ་དམན་ལ་མི་བལྟོས་པར་ཏང་གི་སྒྲིག་ལམ་རྒྱལ་ཁབ་ཀྱི་རྩྭ་ཁྲིམས་དང་འགལ་ཚེ་ཚང་མར་ཆད་པ་ནན་པོ་གཅོད་དགོས་པ་དང་ཏང་ནང་ཁུལ་དུ་རུལ་སུངས་བ་ཡིབ་ས་གཏན་ནས་ཡོད་མི་ཆོག་པ་དང་།  དམག་དཔུང་ཁྲོད་དུའང་རུལ་སུངས་བ་ཡིབ་ས་གཏན་ནས་ཡོད་མི་ཆོག་པ།  མི་སུ་ཞིག་ཡིན་ཡང་སྟེས་དབང་གི་བསམ་བློ་ཡོད་མི་ཆོག

     རུལ་སུངས་ལ་ངོ་རྒོལ་དང་སྤྱོད་པ་གཙང་བའི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ནི་ཏང་ གིས་སྔར་ནས་བཟུང་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་ཡིན་པ་དང་མི་དམངས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད།  ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས།  བློ་བརྟན་འགྱུར་མེད་ངང་རུལ་སུངས་བར་ཆད་པ་བཅད་དེ་རྟ་ཁྱུར་གནོད་པའི་རྟ་ངན་གཙང་སེལ་མཐའ་གཅིག་ཏུ་བྱས་པ་དེ་ནི་རང་རེའི་ཏང་ལ་སྟོབས་ཤུགས་ཡོད་པའི་མཚོན་ཚུལ་ཡིན་ལ་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཡང་ཡིན།  རང་རེའི་ཏང་དབུ་བརྙེས་ནས་ལོ་93རིང་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་།  རྒྱུན་ཆད་མེད་པར་སྟོབས་ཆེ།  རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པ་བཅས་ནི་ཏང་གིས་ཏང་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་ལས་བྱུང་བ་ཞིག་རེད།  དུས་རབས་གསར་པའི་འོག་རང་རེའི་ཏང་ལ་འགྲན་སློང་དྲག་པོ་མང་པོ་འཕྲད་པ་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་ཁྲོད་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་དེ་ཉེན་ཁ་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད།  ཏང་ཡོངས་ངེས་པར་དུ་རྨོངས་གཉིད་ལས་སད་པ་བྱེད་པ་དང་སྟོབས་ཤུགས་ཆེན་པོ་བཏོན་ཏེ་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་སྒྲིལ་དང་།  དབུགས་ལམ་གཅིག་གྱུར།  བདེ་སྡུག་མཉམ་མྱོང་བཅས་ཡོང་ཐུབ་པའི་འགན་ལེན་བྱེད་དགོས། 

    རུལ་རྒོལ་གཙང་སྤེལ་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱས་ ཏེ་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་བྱེད་པར་ངེས་པར་དུ་ཉེན་བརྡ་རྒྱུན་དུ་གཏོང་དགོས།  རྟག་ཏུ་དམ་འཛིན་དང་ཡུན་རིང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  རུལ་སུངས་བར་ཆད་པ་གཅོད་པའི་མཐོ་གནོན་གྱི་འཕེལ་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་པ་བཅས་བྱས་ཚེ་ང་ཚོས་རང་ངོས་དྭངས་གཙང་དང་།  རང་ངོས་འཐུས་ཚང་།  རང་ངོས་གསར་བརྗེས།  རང་ངོས་ཡར་རྒྱས་བཅས་ཀྱི་ཁྲོད་དུ་ལས་བྱེད་པ་སྤྱོད་གཙང་དང་།  སྲིད་གཞུང་དྭངས་གཙང་།  ཆབ་སྲིད་དྭངས་གསལ་བཅས་མངོན་འགྱུར་བྱེད་ཐུབ་ཅིང་།  ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པའི་ཁྲོད་སྔ་ཕྱི་བར་གསུམ་བར་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ནས་ལོ་རྒྱུས་ཀྱི་བརྗིད་ཆེའི་བྱ་གཞག་རྒྱུན་ཆད་མེད་པར་གཏོད་ཐུབ། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1